མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་ཞིང་ཕྱུགས་ཐིན་གྱིས་རྨ་སྟོད་རྫོང་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་འཆར་གཞི་མགོ་བརྩམས་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2013-10-24 10:58

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ10བའི་ཚེས22ཉིན། མཚོ་སྔོན་ཞིང་ཆེན་ཞིང་ཕྱུགས་ཐིན་གྱིས་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་རྫོང་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་བྱ་འགུལ་དེ་ཟི་ལིང་དུ་མགོ་བརྩམས། རྒྱུས་ལོན་པ་ལྟར་ན། ཞིང་ཆེན་ཞིང་ཕྱུགས་ཐིན་གྱིས་དུས་ཡུན་ལོ་གསུམ་རིང་མ་དངུལ་སྒོར་དུང་ཕྱུར6ལྷག་བཏང་ནས། རྨ་སྟོད་རྫོང་གི་རོང་འབྲོག་པའི་གཞི་རྩའི་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་ཇེ་ལེགས་དང་ཞིང་ཕྱུགས་ལས་རིགས་འཕེལ་རྒྱས་ཆུ་ཚད་གསར་བ་ཞིག་ཏུ་སླེབས་པར་བརྩོན་ལེན་བྱེད་རྒྱུ་རེད།

རྒྱུས་ལོན་པ་ལྟར་ན། རྨ་སྟོད་རྫོང་ནི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་ལྟེ་གནས་ས་ཁུལ་དུ་ཆགས་ཡོད་ལ། རང་བྱུང་ཁོར་ཡུག་ཞན་པས་སྐྱེ་ཁམས་སྲུང་སྐྱོང་གི་ལས་འགན་ཧ་ཅང་ལྕི། ཕྱུགས་ལས་ཀྱི་རྨང་གཞི་སྒྲིག་ཆས་ཞན་པས་གནོད་འགོག་གི་ནུས་པ་ཞན་ལ། ཆེད་ལས་མཉམ་ལས་ཁང་གི་རྩ་འཛུགས་ཅན་གྱི་ཆུ་ཚད་དམའ་བས་སྣེ་ཁྲིད་ཀྱི་ནུས་པའང་ཆུང་བ་དང་། དབུལ་ཕོངས་མི་གྲངས་མང་བ་དང་འབྲོག་དམངས་ཀྱི་ཡོང་འབབ་ཆུ་ཚད་དམའ་ཞིང་། ཞབས་ཞུ་མ་ལག་གི་ཆ་རྐྱེན་ཞན་པས་ཞབས་ཞུའི་ནུས་པར་ཚད་བཀག་ཐེབས་ཡོད།

ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི《མགོ་ལོག་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བའི་སྐོར་གྱི་བསམ་འཆར》གྱི་དགོངས་དོན་ལ་གཞིགས་ཏེ། ཞིང་ཕྱུགས་ཐིན་གྱིས་རྨ་སྟོད་རྫོང་གི་ཞིང་ཕྱུགས་ལས་འཕེལ་རྒྱས་དོན་དངོས་ལ་ཟུང་སྦྲེལ་བྱས་ནས། 《རྨ་སྟོད་རྫོང་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་བྱ་འགུལ་གྱི་འཆར་གཞི(2013ལོ་ནས2015ལོའི་བར)》བཟོས་ཤིང་། འཆར་གཞི་ལྟར་ན་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོང་དང་རུ་སྤོར་འབྲོག་དམངས་གཏན་སྡོད་བཟོ་འགོད། སྐྱེ་ཁམས་ཕྱུགས་ལས། ལག་རྩལ་ཁྱབ་གདལ་དང་གསོ་སྦྱོང་སོགས་ཁྱབ་ཁོངས་མང་པོ་ནས་རོགས་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་རྒྱུ་རེད།

རྒྱུས་ལོན་པ་ལྟར་ན། དུས་ཡུན་ལོ་གསུམ་རིང་། ཞིང་ཕྱུགས་ཐིན་གྱིས་རྨ་སྟོད་རྫོང་ལ་མ་དངུལ་སྒོར་དུང་ཕྱུར6.0644བཏང་ནས། གཙོ་བོ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་འཛགས་སྐྲུན། ཕྱུགས་བསྐྱུར་རྩྭ་སྐྱོང་བཟོ་འགོད། ཕྱུགས་བཀོལ་དྲོད་ཁང་དང་ཉི་འོད་ནུས་པའི་དྲོད་ཁང་འཛུགས་སྐྲུན་སོགས་ལས་གཞི20ལག་བསྟར་བྱེད་རྒྱུ་རེད། བྱེ་བྲག་ཏུ་འབྲོག་དམངས་ཀྱི་མི་རེའི་ཆ་སྙོམས་ཀྱི་ཡོང་འབབ་རྐྱང་བ་ལོ་རེར་ཆ་སྙོམས་ཀྱིས14%ཡན་འཕར་བ་མངོན་འགྱུར་བྱེད་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་འཛུགས་སྐྲུན་ལ་མངོན་གསལ་གྱིས་གྲུབ་འབྲས་ལེན་པ། ཞིང་ཕྱུགས་ཐོན་རྫས་ལས་སྣོན་བྱེད་ཚད20%ལ་སླེབས་པ་དང་། སྐྱེ་ཁམས་ཕྱུགས་ལས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ་རོང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་བཙུགས་ཏེ། འབྲི་གཡག་དང་བོད་ལུག་རྒྱུད་བཟང་ཁྱབ་ཚད80%ཡན་ལ་སླེབས་པའི་དམིགས་ཚད་མངོན་འགྱུར་བྱེད་རྒྱུ་རེད། །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག