མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཉམ་འབྲེལ་རྒྱལ་ཚོགས་གླིང་ཆེན་ཨེ་ཤ་ཡ་ཐེབས་རྩ་ཚོགས་པས་ཆི་ལེན་རྫོང་གི་རོང་འབྲོག་ཁུལ་གྱི་མི་རིགས་སློབ་གསོར་བརྩེ་སེམས་རོགས་སྐྱོར་བྱས་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2013-10-24 10:49

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཆི་ལེན་རྫོང་སྲིད་གྲོས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་གླིང་ཆེན་ཨེ་ཤ་ཡ་ཐེབས་རྩ་ཚོགས་པ་དང་འབྲེལ་མཐུད་བྱས་ཏེ། ཆི་ལེན་རྫོང་གི་རོང་འབྲོག་ཁུལ་གྱི་མི་རིགས་སློབ་གསོར་རིན་གོང་སྒོར་ཁྲི480ཡི་བརྙན་འཕྲིན1600ལྷག་དང་གློག་ཀླད། གཞུང་སྒྲུབ་སྒྲིག་ཆས་བཅས་ཞལ་འདེབས་སུ་ཕུལ་ནས་ཕན་ནུས་ལྡན་པའི་སྒོ་ནས་རྫོང་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་དང་རོང་འབྲོག་ཁུལ་གྱི་བཅའ་སྡོད་སློབ་གྲྭའི་སྨྱན་མང་གཟུགས་ཀྱི་སློབ་ཁྲིད་སྒྲིག་རྗེས་ལུས་ཡིན་པ་དང་། གློག་ཀླད་སྒྲིག་ཆས་མི་འདང་བ། གློག་རྡུལ་སློབ་ཁྲིད་མཉེན་ཆས་རྙིང་ནས་རྒྱུན་ལྡན་ལྟར་བཀོལ་སྤྱོད་བྱེད་མི་ཐུབ་པ་དང་གློག་ཀླད་སློབ་ཁྲིད་བཀོད་སྒྲིག་བྱེད་མི་ཐུབ་པ་སོགས་ཀྱི་གནད་དོན་ཐག་གཅོད་བྱས་པས། ཆི་ལེན་རྫོང་གི་གཞི་རིམ་དགེ་རྒན་ལས་བཟོ་བ་དང་སློབ་གྲྭའི་དོ་དམ་མི་སྣའི་གཞུང་སྒྲུབ་ཆ་རྐྱེན་ལ་ལེགས་བཅོས་ཐོབ་པ་དང་། གཞུང་སྒྲུབ་ཀྱི་ཕན་འབྲས་ཇེ་མཐོར་བཏང་བར་བརྟེན། རྒྱ་ཆེའི་དགེ་སློབ་རྣམས་ཀྱིས་གློག་རྡུལ་སློབ་ཁྲིད་མཉེན་ཆས་རྒྱ་ཆེར་བེད་སྤྱོད་ཁྱབ་གདལ་དུ་གཏོང་བ་དང་སློབ་གསོ་དྲ་བའི་སྟེགས་བུ་མཉམ་སྤྱོད་བྱེད་ཐུབ་པ་དང་། སྨྱན་མང་གཟུགས་ཀྱི་དྲ་བ་བེད་སྤྱད་དེ་སློབ་ཁྲིད་ལ་གྲ་སྒྲིག་དང་སློབ་ཁྲིད་བྱས་ནས་ཆི་ལེན་རྫོང་གི་སློབ་གསོའི་ཐོན་ཁུངས་ཧྲག་བསྡུའི་གྲུབ་འབྲས་ཇེ་བརྟན་དུ་བཏང་ཞིང་། ཆི་ལེན་རྫོང་གི་སློབ་གསོ་འཕེལ་རྒྱས་སུ་འགྲོ་བར་ནུས་ཤུགས་གསར་བ་བསྣན། །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག