མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་རིག་གནས་གནས་སྐོར་འཇོན་མི་གསོ་སྦྱོང་དཔེ་སྟོན་འཛིན་གྲྭ་ཧོང་ཀྲུང་རྫོང་དུ་བསྡུས་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2013-10-24 10:47

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དུས་ཡུན་ཉིན5རིང་གི་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རིག་གནས་གནས་སྐོར་འཇོན་མི་གསོ་སྦྱོང་དཔེ་སྟོན་འཛིན་གྲྭ་དེ་ཉེ་ལམ་ཧོང་ཀྲུང་རྫོང་དུ་བསྡུས། ཐེངས་འདིའི་གསོ་སྦྱོང་གི་དམིགས་ཡུལ་ནི་ཐབས་ལམ་རྒྱ་ཆེ་ཞིང་ཚོང་རར་ཚོད་འཛིན་བྱེད་ཐུབ་པ། གསར་སྐྲུན་གྱི་ནུས་པ་ལྡན་པའི་ཕུལ་བྱུང་ཁེ་ལས་པ་དང་ཆུ་ཚད་མཐོ་བའི་རིག་གནས་གནས་སྐོར་འཇོན་མིའི་དཔུང་སྡེ་བསྐྱེད་བསྲིང་བྱས་ཏེ། མཚོ་སྔོན་གྱི་རིག་གནས་གནས་སྐོར་ཐོན་ལས་མཉམ་འདྲེས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པར་ཤེས་ཡོན་གྱི་རྒྱབ་སྐྱོར་དང་འཇོན་མིའི་ཁག་ཐེག་བྱེད་རྒྱུ་དེ་རེད། གསོ་སྦྱོང་འཛིན་གྲྭའི་སྟེང་མཚོ་སྔོན་གྱི་མིང་གྲགས་ཆེ་བའི་རིག་གནས་ཆེད་མཁས་པ་གདན་ཞུ་བྱས་ཏེ་སློབ་ཁྲིད་གནང་བ་དང་། ཡུལ་དངོས་ལྟ་སྦྱོང་དང་ཉམས་མྱོང་མཚམས་སྦྱོར། བརྗེ་རེས་གྲོས་མོལ་སོགས་ཀྱི་བྱ་འགུལ་བཀོད་སྒྲིག་བྱས། ཧོང་ཀྲུང་རྫོང་དང་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་གི་ཤང་གྲོང་སོ་སོའི་རིག་གནས་གནས་སྐོར་བྱ་བའི་མགོ་ཁྲིད་མི་སྣ་དང་རིག་གནས་སྐོར་ཐོན་ལས་ཁེ་ལས་གྱི་འགན་འཁུར་མི་སྣ། ལས་རིགས་མཐུན་ཚོགས་ཀྱི་འགན་འཁུར་མི་སྣ་སོགས་བསྡོམས་པས་སློབ་མ50ལྷག་ཐེངས་འདིའི་གསོ་སྦྱོང་འཛིན་གྲྭར་ཞུགས། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག