མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་བྱ་བའི་ཨུ་ཡོན་ལྷན་ཁང་གིས་ན་གོར་མོ་གྲོང་ཁྱེར་ནས་ཞིན་ཅང་གི་ཁུའུ་ཨར་ལི་བར་གྱི་ལྕགས་ལམ་ལས་པའི་ལས་གཞིའི་གྲོས་འདོན་ཡི་གེར་ཆོག་མཆན་བཀོད་པ།

རྩོམ་པ་པོ། བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-24 10:45

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་བྱ་བའི་ཨུ་ཡོན་ལྷན་ཁང་གིས་ཐེངས་མང་པོར་འབྲེལ་མཐུད་ཡར་ཞུ་བྱས་རྗེས། ད་ལྟ་རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་བྱ་བའི་ཨུ་ཡོན་ལྷན་ཁང་གིས་ན་གོར་མོ་གྲོང་ཁྱེར་ནས་ཞིན་ཅང་གི་ཁུའུ་ཨར་ལི་བར་གྱི་ལྕགས་ལམ་ལས་པའི་ལས་གཞིའི་གྲོས་འདོན་ཡི་གེར་ཆོག་མཆན་བཀོད། ན་གོར་མོ་ནས་ཁུའུ་ཨར་ལི་བར་གྱི་ལྕགས་ལམ་དེ་མཚོ་སྔོན་ཞིང་ཆེན་གྱི་ནུབ་ཕྱོགས་ཀྱི་མཚོ་ནུབ་སོག་བོད་རང་སྐྱོང་ཁུལ་དང་ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་ཀྱི་ཤར་ལྷོའི་ཕྱོགས་ཀྱི་པཱ་དབྱིན་གོ་ལིན་སོག་རིགས་རང་སྐྱོང་ཁུལ་མངའ་ཁོངས་སུ་གཏོགས། ལྕགས་ལམ་ལས་བའི་ལས་གཞི་དེར་མ་དངུལ་སྒོར་མོ་དུང་ཕྱུར་གསུམ་དང་བྱེ་བ་དྲུག་ས་ཡ་ལྔ་གཏོང་རྩིས་ཡོད་པ་དང་། ལས་ཡུན་ལོ་གསུམ་ནས་ལོ་ལྔ་རེད།

ལས་གཞི་དེ་ཡོངས་འགྲུབ་བྱས་རྗེས། མཚོ་སྔོན་ཞིང་ཆེན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བར་ནུས་པ་གལ་ཆེན་འདོན་ཐུབ་ལ་འགྲིམ་འགྲུལ་སྐྱེལ་འདྲེན་བྱ་བ་ལའང་འདེགས་སྐྱོར་ཆེན་པོ་བྱེད་ཐུབ་པ་མ་ཟད། རྒྱ་ཆེའི་མང་ཚོགས་ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་སུ་བསྐྱོད་པར་སྟབས་བདེ་བཟོ་ཐུབ་ལ། མཚོ་སྔོན་ཞིང་ཆེན་དང་དེ་མིན་ཞིན་ཅང་གི་དཔལ་འབྱོར་སྔར་ལས་ཡར་སྐུལ་དང་འཕེལ་རྒྱས་སུ་གཏོང་བར་ནུས་པ་གལ་ཆེན་ལྡན། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག