མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

རྡོ་རྗེ་མཁར་ལ“མཚོ་ལྷོ་ཁུལ་ཕུལ་བྱུང་ན་གཞོན་གུང་གཞོན་ཚོགས་མིའི”མཚན་སྙན་གནང་བ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2013-10-23 10:56

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་རིགས་ན་གཞོན་རྡོ་རྗེ་མཁར་གྱིས་ཧུའུ་པེ་ནས་ཆུ་ནང་དུ་ལྷུང་བའི་བུ་མོ་བསྐྱབས་པའི་དཔའ་ངར་ཞུམ་མེད་གྱི་སྙིང་སྟོབས་དང་མཛད་རྗེས་ལ་གཟེངས་བསྟོད་བྱེད་པ་དང་། རྒྱ་ཆེའི་ན་གཞོན་གུང་གཞོན་ཚོགས་མིས་རྡོ་རྗེ་མཁར་གྱི་སྔོན་ཐོན་མཛད་རྗེས་དང་ཕུལ་བྱུང་སྙིང་སྟོབས་ལ་སློབ་སྦྱོང་བྱེད་པར་སྐུལ་སློང་དང་སྣེ་ཁྲིད་བྱེད་ཆེད། གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཏང་ཨུས་རྡོ་རྗེ་མཁར་ལ“མཚོ་ལྷོ་ཁུལ་གྱི་ཕུལ་བྱུང་ན་གཞོན་གུང་གཞོན་ཚོགས་མིའི”མཚན་སྙན་གནང་། སློབ་གྲོགས་རྡོ་རྗེ་མཁར་གྱི་མཛད་རྗེས་དེ་སྨྱན་བྱེད་ལས་རིགས་ཀྱིས་ཁྱབ་སྒྲོག་བྱས་རྗེས། གུང་གཞོན་ཚོགས་པ་མཚོ་ལྷོ་ཁུལ་ཨུ་ཡོན་ལྷན་ཁང་གིས་ཁུལ་ཡོངས་ཀྱི་རྒྱ་ཆེའི་ན་གཞོན་གུང་གཞོན་ཚོགས་མིས་སློབ་གྲོགས་རྡོ་རྗེ་མཁར་ལ་སློབ་སྦྱོང་བྱེད་དགོས་པ་དང་། ཁུལ་ཡོངས་ཀྱི་རྒྱ་ཆེའི་ན་གཞོན་གུང་གཞོན་ཚོགས་མིས་སྔོན་ཐོན་དཔེ་སྟོན་ལ་མིག་དཔེ་བལྟས་ནས་ཤུགས་ཆེན་པོས་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་ཀུན་སྤྱོད་དར་སྤེལ་དུ་བཏང་སྟེ། དེང་སྐབས་མཚོ་ལྷོའི་ན་གཞོན་གྱི་སྣང་བརྙན་གསར་བ་མངོན་པར་མཚོན་དགོས་པའི་འབོད་སྐུལ་བཏང་། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག