མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་བྱ་བའི་གཟེངས་བསྟོད་ཚོགས་ཆེན་ཟི་ལིང་ནས་གཟབ་རྒྱས་ངང་བསྡུས་པ།

རྩོམ་པ་པོ། བསོད་ནམས་ལྷ་མོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-23 10:56

111.jpg

མཚོ་སྔོན་ཞིང་ཆེན་གྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་བྱ་བའི་གཟེངས་བསྟོད་ཚོགས་ཆེན་ཟི་ལིང་ནས་གཟབ་རྒྱས་ངང་བསྡུས།

22.jpg

རྒྱལ་ཡོངས་ཀུན་སྤྱོད་དཔེ་ལེགས་ཅན་གྱི་མཚན་སྙན་ཐོབ་པའི་ཀྲང་ཀོས་ལན་དང་རྒྱལ་ཡོངས་ཀྱི་ཀུན་སྤྱོད་དཔེ་ལེགས་ཅན་དུ་མིང་བཀོད་བྱ་དགའ་ཐོབ་པའི་བློ་མཐུན་བཅུ་ལ་བྱ་དགའ་བྱིན་པ། 

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ10བའི་ཚེས22ཉིན། མཚོ་སྔོན་ཞིང་ཆེན་གྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་བྱ་བའི་གཟེངས་བསྟོད་ཚོགས་ཆེན་ཟི་ལིང་ནས་གཟབ་རྒྱས་ངང་བསྡུས། གྲོས་ཚོགས་ཀྱི་བརྗོད་བྱ་གཙོ་བོ་ནི་2010ལོ་ནས་བཟུང་མཚོ་སྔོན་ཞིང་ཆེན་གྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་ཁྲོད་བྱས་རྗེས་འབུར་ཐོན་བཞག་བའི་སྔོན་ཐོན་དཔེ་ལེགས་ཅན་ལ་གཟེངས་བསྟོད་བྱས་པ་མ་ཟད། གྲོས་ཚོགས་བརྒྱུད་ནས་མཉམ་མྱོང་བཟང་བོ་བརྗེ་རེས་བྱེད་པ་དར་སྤེལ་དུ་བཏང་། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་ཆེན་དཔལ་ཡོན་བྱ་བའི་ཨུ་ཡོནལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅོན་གྲོས་ཚོགས་སུ་ཞུགས་ནས་གཏམ་བཤད།

    མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་སྟག་འབུམ་ཐར་དང་ཞིང་ཆེན་སྲིད་གྲོས་གྱི་ཀྲུའུ་ཞི་གཞོན་པ་པའོ་ཡུས་ཀྲི། ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་རྒྱུན་ལས་པུའུ་ཀྲང་གཞོན་པ། ཞིང་ཆེན་དཔལ་ཡོན་བྱ་བའི་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ཝང་ཞང་མེན། ཞིང་ཆེན་དཔལ་ཡོན་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཁོངས་གཏོགས་ལས་ཁུངས་སོ་སོའི་མགོ་ཁྲིད་པ། གྲོང་ཁྱེར་དང་ཁུལ་སོ་སོའི་དཔལ་ཡོན་བྱ་བའི་ལས་བགོས་མགོ་ཁྲིད་པ། གྲོང་ཁྱེར་དང་ཁུལ་སོ་སོའི་དྲིལ་སྒྲོག་པུའུ་ཀྲང་། དཔལ་ཡོན་བྱ་བའི་གཞུང་སྒྲུབ་ཁང་གི་ཀྲུའུ་རིན། ཐིན་དང་ཅུའུ་སོ་སོའི་བསམ་བློ་དྲིལ་སྒྲོག་བྱ་བ་དང་བསམ་པའི་དཔལ་ཡོན་འཛུགས་སྐྲུན་བྱ་བའི་ལས་བགོས་འགན་ཁུར་བ། གཟེངས་བསྟོད་ཐོབ་པའི་སྔོན་ཐོན་དཔེ་ལེགས་ཀྱི་འཐུས་མི་དང་རྒྱལ་ཡོངས་ཀྱི་ཀུན་སྤྱོད་དཔེ་སྟོན་གྱི་མཚན་སྙན་ཐོབ་པའི་ཀྲང་ཀོས་ལན། རྒྱལ་ཡོངས་ཀྱི་ཀུན་སྤྱོད་དཔེ་ལེགས་ཀྱི་མིང་བཀོད་བྱ་དགའ་ཐོབ་པའི་བློ་མཐུན་གཟེངས་བསྟོད་ཚོགས་ཆེན་ལ་ཞུགས།

    གྲོས་ཚོགས་ལ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་། ཞིང་ཆེན་དཔལ་ཡོན་བྱ་བའི་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གཞོན་པ་ཅི་ཏིས་མཱ་ཅས་འགོ་འཛིན་བྱས།

    གཟེངས་བསྟོད་ཚོགས་ཆེན་སྟེང་ཅང་མ་འགོར་བའི་སྔོན་དུ་རྒྱལ་ཡོངས་ཀུན་སྤྱོད་དཔེ་ལེགས་ཅན་གྱི་མཚན་སྙན་ཐོབ་པའི་ཀྲང་ཀོས་ལན་དང་རྒྱལ་ཡོངས་ཀྱི་ཀུན་སྤྱོད་དཔེ་ལེགས་ཅན་གྱི་་མིང་བཀོད་བྱ་དགའ་ཐོབ་པའི་བློ་མཐུན་བཅུ་ལ་གཟེངས་བསྟོད་བྱས། ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་རྒྱུན་ལས་པུའུ་ཀྲང་གཞོན་པ་ཝང་ཞང་མེན་གྱིས་«2010ལོན་ནས་2012ལོའི་བར་གྱི་ཞིང་ཆེན་ཡོངས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་བྱ་བའི་ཁྲོད་ཀྱི་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་བྱ་བ་བྱེད་མཁན་ལ་གཟེངས་བསྟོད་བྱེད་པའི་གཏན་འཁེལ»སྒྲོག་འདོན་བྱས།

    མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་ཆེན་དཔལ་ཡོན་བྱ་བའི་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ཝང་ཅན་ཅོན་གྱིས་ཚོགས་ཆེན་སྟེང་གཏམ་གལ་ཆེན་བཤད་པ་མ་ཟད། མཚོ་སྔོན་ཞིང་ཆེན་གྱི་2010ལོ་ནས་བཟུང་བསམ་པའི་དཔལ་ཡོན་འཛུགས་སྐྲུན་བྱེད་པའི་བྱ་བའི་ཐད་བླངས་པའི་གྲུབ་འབྲས་དང་མཉམ་མྱོར་ཕྱོགས་བསྡུས་སྒོས་སྤྱི་བསྡོམས་བྱས་པ་དང་། གསོན་ཉམས་པའི་ལྡན་པའི་སྒོ་ནས་གནས་བབ་གསར་བའི་འོག་ཏུ་བསམ་པའི་དཔལ་ཡོད་འཛུགས་སྐྲུན་བྱེད་པའི་གལ་ཆེན་རང་བཞིན་རྒྱས་བཤད་བྱས། དེ་དང་མཉམ་དུ་དེང་སྐབས་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་ལ་ཇི་ལྟར་སྔར་ལས་ལྷག་པའི་སྒོ་ནས་འགན་འཁྲིའི་བསམ་པ་ཇེ་དྲག་ཏུ་བཏང་སྟེ་ཕྱོགས་ཡོངས་ནས་བསམ་པའི་དཔལ་ཡོན་འཛུགས་སྐྲུན་བྱེད་པའི་བྱ་བ་སྣ་ཚོགས་དར་སྤེལ་དུ་གཏོང་བ་སོགས་ཀྱི་ཕྱོགས་སུ་རེ་བ་གསལ་བོ་བཏོན།

    ཝང་ཅན་ཅོན་གྱིས་གཏམ་བཤད་སྐབས་བསམ་འཆར་བཞི་བཏོན་པ་སྟེ། གཅིག་ནི་སྔར་ལས་ལྷག་པའི་སྒོ་ནས་འགན་འཁྲིའི་་བསམ་པ་ཇེ་དྲག་ཏུ་གཏོང་དགོས། གཉིས་ནི་སྔར་ལས་ལྷག་པའི་སྒོ་ནས་བློ་སྤོབས་ཇེ་དྲག་ཏུ་གཏོང་དགོས། གསུམ་ནི་སྔར་ལས་ལྷག་པའི་སྒོ་་ནས་སྤྱི་དམངས་ཀྱི་ཀུན་སྤྱོད་བྱང་ཚད་ཇེ་མཐོར་དགོས། བཞི་ནི་སྔར་ལས་ལྷག་པའི་སྒོ་ནས་དཔལ་ཡོན་ལྡན་པའི་མཚོ་སྔོན་གྱི་སྣང་ཚུལ་བཟང་བོ་ཞིག་སྐྲུན་དགོས་པ་བཅས་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག