མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་ཡོངས་ཀྱི་ལས་གཞིའི་དུས་སྐབས་སྔོན་མའི་བྱ་བ་ཡར་སྐུལ་བྱེད་པའི་གྲོས་ཚོགས་བསྡུས་པ།

རྩོམ་པ་པོ། བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-23 10:55

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་སྤྱི་ཟླ10བའི་ཚེས21ཉིན་ཞིང་ཆེན་ཡོངས་ཀྱི་ལས་གཞིའི་དུས་སྐབས་སྔོན་མའི་བྱ་བ་ཡར་སྐུལ་བྱེད་པའི་གྲོས་ཚོགས་བསྡུས། གྲོས་ཚོགས་ནས་ལས་གཞིའི་དུས་སྐབས་སྔོན་གྱི་བྱ་བའི་གནས་ཚུལ་སྤྱི་བསྡོམས་བྱས་པ་དང་། གོ་རིམ་རྗེས་མའི་བྱ་བ་བཀོད་སྒྲིག་བྱས། ཧྲིན་ཀྲང་གཞོན་པ་མཱ་ཧྲོན་ཆིན་གྲོས་ཚོགས་སུ་ཞུགས་པ་མ་ཟད་གཏམ་བཤད།

གྲོས་ཚོགས་ནས་བསྟན་དོན། ལས་གཞི་ནི་མ་དངུལ་བསྡུ་བ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་རྣམ་པ་གལ་ཆེན་ཞིག་ཡིན་པ་དང་། འཕེལ་རྒྱས་ཀྱི་རྨང་གཞི་ཡིན་ལ། སྒུལ་ཤུགས་ཀྱི་གཞི་རྩ་དང་རྐང་འཛུགས་ས་ཡང་རེད། ད་ལོའི་ཚུན་ལ། ས་ཁུལ་དང་སྡེ་ཁག་སོ་སོས་ནན་ཏན་སྒོས་ཞིང་ཆེན་ཏང་ཨུ་དང་། ཞིང་ཆེན་སྲིད་གཞུང་གི་ཇུས་ཆོད་སྲིད་ཇུས་ལག་བསྟར་དང་དངོས་འབེབས་བྱས་ནས། སྟོབས་ཤུགས་ཡོད་རྒུས་མ་དངུལ་དངོས་འབེབས་བྱས་པ་དང་། ལས་གཞི་ཡར་སྐུལ་བྱས་ནས། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་བརྟན་བརླིང་ངང་འཕར་སྣོན་གཏོང་བའི་ཐད་ལ་ནུས་པ་གལ་ཆེན་བཏོན། ཡིན་ནའང་། དེང་སྐབས་ལས་གཞི་བྱ་བ་དང་ནང་སྒོས་སུ་ལས་གཞིའི་དུས་སྐབས་སྔོན་གྱི་བྱ་བའི་ཁྲོད་དུ་གནས་པའི་བྱ་བར་ངོས་ཟིན་ཐོབ་པ་མི་འདང་ཞིང་། དུས་སྐབས་སྔོན་གྱི་བྱ་བར་དམིགས་པ་མི་འདང་བ། ཆུ་ཚད་དང་རྒྱུ་སྤུས་མི་བཟང་བ་དང་། ནང་རྐྱེན་ཡར་སྐུལ་དང་འཐུས་ཚང་མིན་པ་སོགས་ཀྱི་གནད་དོན་གནས་པས། བྱེད་ཐབས་ནུས་ལྡན་སྤྱད་དེ་ཐག་གཅོད་དགོས་ཟེར།

གྲོས་ཚོགས་ནས་ནན་གྱིས་བསྟན་དོན། ལས་གཞིའི་དུས་སྐབས་སྔོན་མིའི་བྱ་བར་ཤུགས་སྣོན་རྒྱུ་དེ་ནི་མ་དངུལ་བཏང་ནས་ཇུས་ཆོད་ཚན་རིག་ཅན་དུ་མངོན་འགྱུར་བྱེད་པ་དང་། དཔལ་འབྱོར་སྒྲིག་གཞི་ལེགས་སྒྲིག་བྱེད་པའི་བྱ་བ་མངོན་འགྱུར་བྱས་ཏེ། ཕྱོགས་ཡོངས་ནས་དངུལ་གཏོང་ཕན་འབྲས་ཇེ་མཐོར་གཏོང་བར་འགན་སྲུང་བྱེད་པའི་བྱ་བ་གལ་ཆེན་ཞིག་ཡིན་པས། ས་ཁུལ་དང་སྡེ་ཁག་སོ་སོས་རྒྱལ་ཁབ་ཀྱི་སྲིད་ཇུས་དགོངས་དོན་ལ་ཞིབ་འཇུག་དང་ལག་བསྟར་བཟང་བོ་བྱས་ནས། ཡང་དག་པའི་སྒོ་ནས་གོ་སྐབས་དམ་འཛིན་བྱེད་པ། ཁྱབ་ཁོངས་གཙོ་བོ་འབུར་དུ་ཐོན་པར་བྱེད་དགོས་པ་དང་། གནད་འགག་གི་གོ་སྐབས་དམ་འཛིན་བྱས་ནས། སྟོབས་ཤུགས་ཡོད་རྒུས་ཡར་སྐུལ་དང་ཇེ་མགྱོགས་སུ་གཏོང་དགོས་པའི་ཞོར་དུ། སྔར་ལས་ལས་གཞི་བྱ་བའི་འབྲེལ་མཐུད་ནང་རྐྱེན་འཐུས་ཚང་དུ་གཏོང་བའི་རྨང་གཞིའི་སྟེང་དུ། བྱ་བའི་དངོས་འབེབས་དམ་འཛིན་བྱས་ཏེ། དཔྱད་ཞིབ་བྱས་ནས་བྱ་དགའ་སྟེར་བ་དང་ཆད་པ་གཅོད་པའི་བྱ་བ་ལག་བསྟར་བྱེད་དགོས་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག