མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

བསྟན་ཁོ་ཡིས་མཚོ་ལྷོ་ཁུལ་གྱི་བྱ་བར་རྟོག་ཞིབ་བྱས་པ།

རྩོམ་པ་པོ། བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-23 10:55

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ10བའི་ཚེས16ནས་ཚེས19ཉིན་བར་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་། ཞིང་ཆེན་མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ས་ཁུལ་གསར་སྐྲུན་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་བསྟན་ཁོ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཀོས་ནན་དང་ཐུན་ཏེ། ཞིན་ཧེ་རྫོང་བཅས་སུ་སོང་ནས། ཞང་དང་གྲོང་རྡལ་དང་། སྡོད་ཁུལ། རོང་འབྲོག་ཁུལ་དང་སློབ་གྲྭ དགོན་པ་བཅས་ཀྱི་བྱ་བར་རྟོག་ཞིབ་བྱེད་ཞོར་དུ། མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་ས་ཁུལ་གསར་སྐྲུན་བྱེད་པའི་བྱ་འགུལ་གྱི་འཕེལ་རིམ་གནས་ཚུལ་ལ་རྟོག་ཞིབ་བྱས།

རྟོག་ཞིབ་བྱེད་སྐབས། བསྟན་ཁོ་ཞང་དང་གྲོང་རྡལ་གྱི་ལས་བྱེད་པ་དང་། རོང་འབྲོག་པ་ཏང་ཡོན། སྡེ་བ་དང་ཧྲེ་ཡི་ལས་བྱེད་པ་དང་། ཆོས་ལུགས་འཐུས་ཚབ་མི་སྣ་དང་སྒེར་གཉེར་བཟོ་ཚོང་ཁྱིམ་ཚང་བཅས་ཀྱི་མི་སྣ་དང་ཁ་བརྡ་བྱས་ནས། སེམས་ཞིབ་མོས་རྒྱལ་ཁབ་ཀྱི་སྲིད་ཇུས་དྲིལ་བསྒྲགས་དང་། དམངས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཟབ་མོ་བྱས་པ་དང་ཞོར་དུ་གཞི་རིམ་ལས་བྱེད་པ་དང་མཉམ་དུ་གནས་བབ་གསར་བ་དང་གནད་དོན་གསར་བར་དབྱེ་ཞིབ་དང་བསམ་འཆར་བསྡུ་ལེན་བྱས།

དུས་སྐབས་སྔོན་མའི་བྱ་བའི་ཕན་འབྲས་ཁས་ལེན་གང་ལེགས་བྱས་རྗེས། བསྟན་ཁོ་ཡིས་བསྟན་དོན། རིམ་པ་སོ་སོའི་ཏང་ཨུས་ད་ལྟའི་བྱ་བའི་རྨང་གཞིའི་སྟེང་། ཞིང་ཆེན་ཏང་ཨུས་གཏན་ལ་ཕབ་པའི་ཕྱོགས་བཅུའི་ཐད་ཀྱི་ལས་འགན་ཉི་ཤུར་དམ་པོར་དམིགས་ནས། སྔར་ལས་འཛུགས་སྐྲུན་བྱ་བར་ཤུགས་སྣོན་དགོས་པ་དང་། བྱེད་ཐབས་དངོས་འབེབས་བཟང་བོ་བྱེད་པ། ཧུར་ཐག་གིས་སྔོན་ཐོན་ས་ཁུལ་འཛུགས་སྐྲུན་བྱེད་པ་དེ་མི་རིགས་ས་ཁུལ་སྲུང་སྐྱོང་བྱས་ནས་མེས་རྒྱལ་གཅིག་གྱུར་དང་། ཏང་གི་མགོ་ཁྲིད་ལ་གོང་བཀུར། སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་རྒྱུན་འཁྱོངས་བྱེད་པ། མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་འཇགས་ཡར་སྐུལ་བྱེད་པ། དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་ཡར་ཐོན། དམངས་ཀྱི་འཚོ་བ་ཇེ་བཟང་དུ་གཏོང་བ། སྲིད་སྐྱོང་ཆུ་ཚད་ཇེ་མཐོར་གཏོང་བ་སོགས་ཀྱི་ནུས་ལྡན་བྱེད་ཐབས་དམ་པོར་བྱེད་དགོས། གཞི་རིམ་མང་ཚོགས་ལ་ཁ་གཏད་པའི་སློབ་གསོ་དྲིལ་སྒྲོག་སྣེ་ཁྲིད་བྱ་བ་དམ་འཛིན་བྱས་ནས། འགལ་བ་དང་རྩོད་གཞི་ཐག་གཅོད་རོགས་བྱེད་དགོས་པ་དང་། མི་རིགས་དང་ཆོས་ལུགས་འཐུས་ཚབ་མི་སྣ་དང་སྤྱི་ལ་དབང་བའི་ལམ་ལུགས་མ་ཡིན་པའི་དཔལ་འབྱོར་མི་སྣར་སེམས་ཁུར་དང་རོགས་རམ་བྱེད་པ། སློབ་གྲྭའི་མི་རིགས་མཐུན་སྒྲིལ་དང་སློབ་གསོ་བྱ་བར་མཐོང་ཆེན་ནན་མོ་བྱེད་དགོས་པ་དང་། མཁར་གྲོང་གི་མི་རིགས་བྱ་བ་བཟང་བོར་སྒྲུབ་པར་མཐོང་ཆེན་བྱེད་པ།རྒྱུན་ཆད་མེད་པར་གཞི་རིམ་བྱ་བ་ལག་བསྟར་བྱེད་ཤུགས་ཇེ་མཐོར་བཏང་ནས། སྤྱི་ཚོགས་དོ་དམ་བྱེད་ཐབས་སྣ་ཚོགས་ཡར་སྐུལ་དང་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག