མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

《མདོ་ལ་ཚགས་པར》སྤྱི་ཟླ10བའི་ཚེས28ཉིན་ཚོད་ལྟ་འགྲེམ་སྤེལ་བྱེད་རྒྱུ་རེད།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2013-10-23 10:54

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྔར་ལས་ལྷག་པའི་སྒོ་ནས་མི་རིགས་རིག་གནས་དར་སྤེལ་དང་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ། སྤྱི་ཚོགས་ལས་རིགས་སོ་སོ་དང་རིགས་སོ་སོའི་མང་ཚོགས་ཀྱི་འདོད་བློ་དང་བསྟུན་ཆེད། ཉེ་ལམ《མདོ་ལ་ཚགས་པར》གསར་སྐྲུན་བྱས། བོད་ཡིག་ཚགས་པར་འདི་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཏང་ཨུས་བདག་གཉེར་བྱས་པ་དང་། མཚོ་བྱང་ཁུལ་ཏང་ཨུའི་དྲིལ་སྒྲོག་པུའུ་ཡིས་གཙོ་སྒྲུབ་བྱས་ཤིང་། མདོ་ལ་ཚགས་པར་ཁང་གིས་འགན་སྒྲུབ་བྱས་ཏེ་སྤྱི་ཟླ10བའི་ཚེས28ཉིན་ཚོད་ལྟའི་འགྲེམ་སྤེལ་བྱེད་རྒྱུ་རེད།

《མདོ་ལ་ཚགས་པར》གསར་སྐྲུན་བྱེད་པའི་དམིགས་ཡུལ་ནི་སྔར་ལས་ལྷག་པའི་སྒོ་ནས་མི་རིགས་རིག་གནས་དར་སྤེལ་དང་བསམ་བློ་མཛུབ་ཁྲིད་ལ་ཤུགས་བསྣན་ཏེ། སྤྱི་ཚོགས་འཆམ་མཐུན་བརྟན་བརླིང་ལ་སྐུལ་འདེད་བྱེད་པའི་ཐད་བྱེད་ནུས་འདོན་རྒྱུ་དེ་ཡིན། 《མདོ་ལ་ཚགས་པར》དེ་ད་ལོའི་སྤྱི་ཟླ5བའི་ཚེས27ཉིན་དང་སྤྱི་ཟླ6པའི་ཚེས3ཉིན། སྤྱི་ཟླ6པའི་ཚེས10ཉིན་བཅས་ལ་ཚོད་ལྟའི་འདོན་ཐེངས་གསུམ་སྤེལ་ལ། རྒྱ་ཆེའི་ལས་བྱེད་པ་དང་དགེ་སློབ། རོང་འབྲོག་པ། གྲྭ་བཙུན་སོགས་ཀྱི་གཟེངས་བསྟོད་ཐོབ་པས་སྤྱི་ཚོགས་ལས་རིགས་སོ་སོའི་ཁག་ཏུ་གདེངས་འཇོག་གང་ལེགས་ཐོབ་ཡོད།

རྒྱུས་ལོན་པ་ལྟར་ན། 《མདོ་ལ་ཚགས་པར》དེ་ཟླ་རེར་འདོན་ཐེངས3དང་འདོན་ཐེངས་རེར་པར་ངོས4ཡོད། པར་ངོས་ཇུས་འགོད་ཐད་ལ་པར་ངོས་དང་པོ་ནི་གསར་འགྱུར་གནད་བསྡུས་དང་པར་ངོས་གཉིས་པ་ནི་ས་གནས་གསར་འགྱུར། པར་ངོས་གསུམ་པ་ནི་དམངས་འཚོའི་གསར་འགྱུར། པར་ངོས་བཞི་བ་ནི་ཕྱོགས་བསྡུས་པར་ངོས་བཅས་སུ་བཀོད་སྒྲིག་བྱས་ཡོད། །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག