མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་གྱིས་ད་ལོའི་གྲོང་རྡལ་འགན་སྲུང་སྡོད་ཁང་འཛུགས་སྐྲུན་ལས་འགན་ཕལ་ཆེར་ལེགས་འགྲུབ་བྱས་ཤིང་སྤྱི་ཟླ9བའི་ཟླ་མཇུག་བར་དུ་སྡོད་ཁང་ཁྲི7.15འཛུགས་སྐྲུན་བྱས་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2013-10-23 10:46

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྡོད་ཁང་དང་ཤང་གྲོང་འཛུགས་སྐྲུན་ཐིན་ནས་རྒྱུས་ལོན་པ་ལྟར་ན། ད་ལོར་མཚོ་སྔོན་ཞིང་ཆེན་གྲོང་རྡལ་འགན་སྲུང་རང་བཞིན་གྱི་བདེ་སྡོད་བཟོ་འགོད་འཛུགས་སྐྲུན་ལས་འགན་ཕལ་ཆེར་ལེགས་འགྲུབ་བྱས་ཟིན་པ་དང་། གནས་སྤར་བའི་སྡོད་ཁང་ཁྲི5.6ལ་སླེབས་ཤིང་། ད་ལྟ་ཟི་ལིང་དང་མཚོ་ཤར། མཚོ་ནུབ་སོགས་ས་ཁུལ་གྱི་འགན་སྲུང་སྡོད་ཁང་དག་བགོ་སྤྲོད་བྱེད་པའི་དུས་སྐབས་སུ་སླེབས་ཡོད།

2013ལོར། མཚོ་སྔོན་གྱིས་གྲོང་རྡལ་འགན་སྲུང་རང་བཞིན་གྱི་སྡོད་ཁང་དང་རིགས་སོ་སོའི་སྤྱིལ་ཁྱིམ་ཁུལ་བསྒྱུར་བཅོས་ལས་འགན་ཁྱིམ་ཚང་ཁྲི5.53གསར་སྣོན་བྱས་ལ། འཆར་གཞི་ལྟར་ན་སྡོད་ཁང་ཁྲི7.15ཕལ་ཆེར་ལེགས་འགྲུབ་བྱས་ཤིང་། གནས་སྤར་བའི་སྡོད་ཁང་ཁྲི6.25ལ་སླེབས། སྤྱི་ཟླ9བའི་ཟླ་མཇུག་བར་དུ། ཞིང་ཆེན་ཡོངས་ཀྱིས་སྡོད་ཁང་ཁྲི5.53འཛུགས་སྐྲུན་བྱེད་མགོ་བརྩམས་ལ། འཆར་གཞི་ལྟར་ན་སྡོད་ཁང་ཁྲི7.15ཕལ་ཆེར་ལེགས་འགྲུབ་བྱས་ཤིང་། གནས་སྤར་བའི་སྡོད་ཁང་ཁྲི5.6ལ་སླེབས་པས་དེ་དག་གིས་ལོ་ཧྲིལ་བོའི་དམིགས་ཚད་ལས་འགན་གྱི100%དང100%། 90%བཅས་ཟིན་ཡོད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག