མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པའི་རྒུད་སྐྱོབ་རོགས་སྐྱོབ་རུ་ཁག་ལ་ཀྲུང་གོ་རྒྱ་གྲམ་དམར་པོ་སྤྱིའི་ཚོགས་པས་ཀྲུང་གོ་རྒྱ་གྲམ་དམར་པོ་རྒྱལ་ཁབ་རིམ་པའི་རྒུད་སྐྱོབ་རོགས་སྐྱོར་རུ་ཁག་བཞི་རུ་གཏན་ལ་ཕབ་པ།

རྩོམ་པ་པོ། བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-22 11:06

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀྲུང་གོ་རྒྱ་གྲམ་དམར་པོ་སྤྱིའི་ཚོགས་པས་པེ་ཅིན་ནས་རྒུད་སྐྱོབ་དང་། སྨན་བཅོས་སོགས་རིགས་བརྒྱད་འདུས་པའི་རྒུད་སྐྱོབ་རོགས་སྐྱོར་རུ་ཁག་ཉེར་གཅིག་ལ་དར་ཆ་གནངས། དཔུང་སྡེ་ཉེར་གཅིག་པོ་དེ་ཀྲུང་གོ་རྒྱ་གྲམ་དམར་པོ་ཚོགས་པའི་རྒུད་སྐྱོབ་རུ་ཁག་ཏུ་གྱུར། མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པའི་རྒུད་སྐྱོབ་རོགས་སྐྱོབ་རུ་ཁག་ལ་ཀྲུང་གོ་རྒྱ་གྲམ་དམར་པོ་སྤྱིའི་ཚོགས་པས་ཀྲུང་གོ་རྒྱ་གྲམ་དམར་པོ་རྒྱལ་ཁབ་རིམ་པའི་རྒུད་སྐྱོབ་རོགས་སྐྱོར་རུ་ཁག་བཞི་རུ་གཏན་ལ་ཕབ།

མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོ་རྒུད་སྐྱོབ་རོགས་སྐྱོར་རུ་ཁག་གིས་མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པའི་ལས་བྱེད་མི་སྣ་གཙོ་བྱས་ནས། ཆེད་དུ་ཆེད་ལས་མཁས་པ་དང་དེ་མིན་ཆེད་དུ་གསོ་སྦྱོང་བྱས་པའི་དང་བླངས་པ་ལས་གྲུབ་པའི་རྒུད་སྐྱོབ་རུ་ཁག་གདན་དྲངས་ནས། ཉེ་བའི་ལོ་འགའི་རིང་ལ་རྒྱལ་ཡོངས་ཀྱི་རང་བྱུང་གནོད་འཚེ་དང་གློ་བུར་དུ་བྱུང་བའི་དོན་རྐྱེན་ཁྲོད་དང་ཡང་ན་བྱུང་བ་མ་ཐག་ཏུ་དུས་ཚོད་དམ་བྱས་ནས་ཡུལ་དངོས་སུ་ཐོན་ནས་རྒུད་སྐྱོབ་བྱ་བ་སྤེལ་བ་དང་། གནོད་འཚེ་རྒུད་སྐྱོབ་ཀྱི་དངོས་རྫས་སྐྱེལ་ནས་གནོད་འཚེ་སེལ་བའི་ལས་འགན་ཡོངས་འགྲུབ་བྱས།

རྒུད་སྐྱོབ་རོགས་སྐྱོར་རུ་ཁག་དེས་ཚད་ལྡན་ཅན་གྱི་སྒྲིག་ཆས་བཀོལ་ནས། དུས་ཚོད་ཐུང་ཐུང་ཞིག་གི་ནང་དུ་གནོད་འཚེ་ས་ཁུལ་དུ་སོང་ནས་མགྱོགས་ཤིང་མྱུར་བ་དང་། གོ་རིམ་ཡོད་པའི་སྒོ་ནས་རྒུད་སྐྱོབ་དངོས་རྫས་དང་མྱུར་སྐྱོབ་བྱ་བ་སྤེལ་ཆོག །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག