མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

རྨ་ལྷོ་ཁུལ་གྱི་མི་ཁྲི5ལྷག་ལ་ཁོར་ཡུག་ཕྱོགས་བསྡུས་ལེགས་བཅོས་ལས་ཕན་ཁེ་ཐོབ་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2013-10-22 10:41

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་ཚུན་ནས་བཟུང་། རྒྱལ་ཁབ་ཀྱི་ཞིང་སྡེའི་ཁོར་ཡུག་ཡུག་སྦྲེལ་ཕྱོགས་བསྡུས་ལེགས་བཅོས་ལས་གཞིའི་འབྲེལ་ཡོད་བླང་བྱར་གཞིགས་ཏེ། མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁོར་ཡུག་སྲུང་སྐྱོང་ཅུའུ་ཡིས་རྨ་ཆུ(དགུ་ཆུ་དང་རྩེ་ཆུ། ཐའོ་ཆུ།)བཞུར་རྒྱུད་དང་གཙོ་གནད་མཛེས་ལྗོངས་ཁུལ། གཞུང་ལམ་འགྲམ་རྒྱུད། སྐྱེ་ཁམས་བྱེད་ནུས་ཁུལ་གཙོ་བོ། གྲོང་རྡལ་གྱི་མཐའ་འཁོར་དང་སྐྱེ་ཁམས་གནས་སྤོར་གཏན་སྡོད་ས་ཚིགས་ཀྱི་ཞིང་སྡེའི་འབུར་ཐོན་ཁོར་ཡུག་གནད་དོན་ཕྱོགས་བསྡུས་ལེགས་བཅོས་བྱེད་པ་གཙོ་གནད་དུ་བཟུང་། མིག་སྔའི་བར་དུ། རྒྱལ་ཁབ་ཀྱི་ཞིང་སྡེའི་ཁོར་ཡུག་ཡུག་སྦྲེལ་ཕྱོགས་བསྡུས་ལེགས་བཅོས་ལས་གཞིའི་མ་དངུལ་སྒོར་ཁྲི4638བརྩོན་ལེན་བྱས་ཏེ། ཁུལ་ཡོངས་ཀྱི་སྡེ་བ58དང་མི་གྲངས་ཁྲི5ལྷག་ལ་ཕན་ཁེ་བསྐྲུན།

གཙོ་བོ་ཆུ་ཁུངས་ས་ཁུལ་སྲུང་སྐྱོང་དང་འཚོ་བའི་གད་སྙིགས་བཅོས་སྐྱོང་། ཁྱིམ་བྱ་གསོ་སྤེལ། སྦག་བཙོག་འགོག་བཅོས་དང་སྡེ་བའི་ཁོར་ཡུག་དང་རྣམ་པ་ལེགས་བཅོས་སོགས་ནང་དོན་ཡིན་པའི་ཁོར་ཡུག་ཕྱོགས་བསྡུས་ལེགས་བཅོས་ལག་བསྟར་བྱས། བཙོག་ཆུ་དྭངས་བཟོ་ས་ཚིགས8གསར་འཛུགས་དང་བཙོག་ཆུ་སྦུག་ལམ་སྤྱི་ལེ40བཏིངས་ལ། སྤྱོད་ཁང29འཛུགས་སྐྲུན་བྱས་པ་དང་གད་སྙིགས་འཁོར་སྒམ210དང་གད་སྙིགས་སྒམ་ཆུང9522བྱིན། གད་སྙིགས་གསོག་བསྡུ་རླངས་འཁོར67བྱིན་ནས་ལོ་ཧྲིལ་བོར་གད་སྙིགས་ཏུན60ལྷག་གཙང་སེལ་བྱས། དེས་ཁུལ་ཡོངས་ཀྱི་ཁོར་ཡུག་ལེགས་བཅོས་སྡེ་བ58ཀྱི་ཁོར་ཡུག་མི་གཙང་བ་དང་གྲལ་དག་མིན་པ། ཞན་པ་སོགས་ཀྱི་གནད་དོན་ཕལ་ཆེར་ཐག་གཅོད་བྱས་ལ། སྡེ་བའི་རྣམ་པ་དང་ཁོར་ཡུག་ལ་ཕན་ནུས་ལྡན་པའི་སྒོ་ནས་ལེགས་བཅོས་ཐོབ་པས་རྒྱ་ཆེའི་རོང་འབྲོག་པ་མང་ཚོགས་ཀྱིས་རྒྱབ་སྐྱོར་དང་གཟེངས་བསྟོད་ཐོབ་ཡོད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག