མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་གྱི་རོང་འབྲོག་ཁུལ་མང་ཚོགས་ཁྲི188ལྷག་ལ་སྡོད་ཁང་འཛུགས་སྐྲུན་ལས་ཕན་ཁེ་ཐོབ་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2013-10-22 10:37

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ས་ཁང་དང་སྦྲ་གུར་ལ་ཁ་གྱེས་ཤིང་། སྡོད་ཁང་མེད་པ་ནས་ཡོད་པ། ཁང་རྙིང་ནས་བདེ་སྡོད་བྱས་པ། གུ་དོག་པ་ནས་ཁོད་ཡངས་པ། ས་འགུལ་འགོག་ནུས་མེད་པའི་ས་དང་ཤིང་གི་སྡོད་ཁང་ནས་བདེ་འཇགས་རང་བཞིན་ཅུང་མཐོ་བའི་སོ་ཕག་དང་ཤིང་གི་སྡོད་ཁང་ལ་གནས་སྤར་བ་སོགས། མཚོ་སྔོན་ཞིང་ཆེན་རོང་འབྲོག་ཁུལ་མང་ཚོགས་ཀྱི་སྡོད་ཁང་གི་ཆ་རྐྱེན་ལ་འགྱུར་ལྡོག་ཆེན་པོ་འབྱུང་བཞིན་ཡོད། དུས་ཡུན་ལོ་ལྔའི་རིང་། རྣམ་པ་མི་འདྲ་བའི་སྒོ་ནས་རོང་འབྲོག་ཁུལ་གྱི་སྡོད་ཁང་ཁྱིམ་ཚང་ཁྲི46.91གསར་འཛུགས་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་རོང་འབྲོག་ཁྱིམ་སྡོད་ཁང་གསར་འཛུགས་བྱས་པ་དོན་དངོས་ཐོག་ཁྱབ་ཚད51.16%ལ་སླེབས་པ་དང་། ཐད་ཀར་དུ་རོང་འབྲོག་པ་མང་ཚོགས་ཁྲི188ལྷག་ལ་ཕན་ཁེ་ཐོབ་ཞིང་། རོང་འབྲོག་ཁུལ་གྱི་མིའི་འཚོ་སྡོད་ཁོར་ཡུག་ལ་མངོན་གསལ་གྱིས་ལེགས་བཅོས་ཐོབ་ནས་ཕན་ནུས་ལྡན་པའི་སྒོ་ནས་རོང་འབྲོག་ཁུལ་གྱི་འཛད་སྤྱོད་ཚོང་ར་འཕེལ་རྒྱས་ལ་སྐུལ་འདེད་བཏང་།

གསར་འགོད་པས་སྤྱི་ཟླ9བའི་ཚེས16ཉིན་ཞིང་ཆེན་སྡོད་ཁང་དང་ཤང་གྲོང་འཛུགས་སྐྲུན་ཐིན་ནས་རྒྱུས་ལོན་པ་ལྟར་ན། 2009ལོའི་ཚུན་ནས་བཟུང་། མཚོ་སྔོན་གྱིས་ཞིང་སྡེའི་དཀའ་ངལ་མང་ཚོགས་ཀྱི་ཁང་རྙིང་བསྒྱུར་བཅོས་དང་ཞིང་སྡེའི་བྱ་དགའི་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན། རུ་སྤོར་འབྲོག་དམངས་ཀྱི་གཏན་སྡོད་བཟོ་འགོད་བཅས་ལག་བསྟར་བྱས་པ་བརྒྱུད། རོང་འབྲོག་ཁུལ་གྱི་སྡོད་ཁང་ཁྱིམ་ཚང་ཁྲི46.91གསར་འཛུགས་བྱས། དེའི་ནང“ལྔ་བཅུ་གཉིས་པའི”རིང་གི་ལོ་སྔོན་མ་གསུམ་ནང་། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་འབོར་ཉུང་བ་དང་ནོར་སྲིད་ཡོང་འབབ་དམའ་བའི་གནས་ཚུལ་འོག ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། རིམ་པ་སོ་སོའི་ཏང་ཨུ་སྲིད་གཞུང་གིས“ནོར་སྲིད་ཆུང་བས་དམངས་འཚོའི་དོན་ཆེན་སྒྲུབ་པའི”འཕེལ་རྒྱས་འདུ་ཤེས་རྒྱུན་བསྐྱངས་ནས། སྔར་ལས་ལྷག་པའི་སྒོ་ནས་རོང་འབྲོག་ཁུལ་གྱི་སྡོད་ཁང་འཛུགས་སྐྲུན་ལ་ཤུགས་བསྣན་པ་དང་། ཀྲུང་དབྱང་དང་ཞིང་ཆེན་གྱི་རིམ་པ་སོ་སོའི་སྲིད་གཞུང་གིས་རོང་འབྲོག་ཁུལ་གྱི་སྡོད་ཁང་འཛུགས་སྐྲུན་ཐད་ལ་མ་དངུལ་སྒོར་དུང་ཕྱུར67.27བཏང་ནས་རོང་འབྲོག་ཁུལ་གྱི་སྡོད་ཁང་ཁྱིམ་ཚང་ཁྲི31.48གསར་འཛུགས་བྱས་ལ། རོང་འབྲོག་ཁུལ་གྱི་མི་རེའི་ཆ་སྙོམས་ཀྱི་སྡོད་ཁང་རྒྱ་ཁྱོན་དེ་མུས་གྲུ་བཞི་མ27.57ལ་སླེབས། རོང་འབྲོག་པ་མང་ཚོགས་ལ་སྐུལ་ཁྲིད་བྱས་ཏེ་སྡོད་ཁང་འཛུགས་སྐྲུན་མ་དངུལ་སྒོར་དུང་ཕྱུར148དངོས་འབེབས་བྱས་པས་ཕན་ནུས་ལྡན་པའི་སྒོ་ནས་ཞིང་སྡེའི་བཟོ་སྐྲུན་རྩོལ་ལས་དང་དངུལ་རྩ་དངུལ་བུན་ཚོང་ར་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་དང་། རོང་འབྲོག་པའི་ཡོང་སྒོ་འཕར་བའི་ཐབས་ལམ་རྒྱ་ཇེ་ཆེར་བཏང་།

མིག་སྔར། མཚོ་སྔོན་གྱིས་མ་འོངས་པའི་ལོ་འགའི་རིང་གི་རོང་འབྲོག་ཁུལ་གྱི་སྡོད་ཁང་འཛུགས་སྐྲུན་འཆར་གཞི་གཏན་འཁེལ་བྱས་ཡོད་པ་དང་། འཛུགས་སྐྲུན་གྱི་གོམ་སྟབས་ལ་མུ་མཐུད་དུ་སྐུལ་འདེད་བཏང་ནས་དུས་བཅད་ལྟར་ཞིང་ཆེན་ཡོངས་ཀྱི་རོང་འབྲོག་ཁུལ་མང་ཚོགས་ཀྱི་སྡོད་ཁང་འཛུགས་སྐྲུན་ཁྱིམ་ཚང་ཁྲི་བརྒྱ་ལྷག་ལ་ཁྱབ་པ་མངོན་འགྱུར་བྱེད་རྒྱུ་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག