མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཧེ་ཡན་རྫོང་མཚོ་སྔོན་པོ་ཞང་བདེ་སྐྱིད་ཐང་གི་མི་ཕྱུགས་གཉི་ཀའི་འཐུང་ཆུའི་བདེ་འཇགས་བཟོ་སྐྲུན་ཡོངས་འགྲུབ་བྱས་ནས་བཀོལ་སྤྱོད་བྱེད་མགོ་བརྩམས་པ།

རྩོམ་པ་པོ། བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-22 10:32

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཧེ་ཡན་རྫོང་མཚོ་སྔོན་པོ་ཞང་བདེ་སྐྱིད་ཐང་གི་མི་ཕྱུགས་གཉི་ཀའི་འཐུང་ཆུའི་བདེ་འཇགས་བཟོ་སྐྲུན་ཡོངས་འགྲུབ་བྱས་ནས་བཀོལ་སྤྱོད་བྱེད་མགོ་བརྩམས།

རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་པོ་ཞང་བདེ་སྐྱིད་ཐང་ས་ཁུལ་གྱི་བཟོ་སྐྲུན་དེར་སྤྱིའི་མ་དངུལ་སྒོར་མོ་ས་ཡ་གཅིག་དང་འབུམ་དྲུག་ཁྲི་བཞི་བཏང་ཞིང་། ད་ལོའི་སྤྱི་ཟླ6པའི་ཚེས15ཉིན་ནས་འཛུགས་སྐྲུན་བྱེད་མགོ་བརྩམས་པ་དང་། ད་ལྟ་བཟོ་སྐྲུན་གྱི་འཛུགས་སྐྲུན་ལས་འགན་ཚང་མ་ཡོངས་འགྲུབ་བྱས་ཚར། བཟོ་སྐྲུན་དེ་བཀོལ་སྤྱོད་བྱས་རྗེས་ས་དེའི་རོང་འབྲོག་ཁྱིམ་ཚང་ཉིས་བརྒྱ་དང་ཉི་ཤུ་དང་མི་སྟོང་གཅིག་ལྷག ཕྱུགས་ཟོག་ཁྲི་གཅིག་དང་སྟོང་གསུམ་དྲུག་བརྒྱ་ལྷག་གི་འཐུང་ཆུའི་བདེ་འཇགས་གནད་དོན་གཅོད་ཐུབ། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག