མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་ནོར་སྲིད་ཀྱིས་སྒོར་ཐེར་འབུམ་བཞི་དང་དུང་ཕྱུར་བཞི་བཏང་ནས་མཚོ་བོད་མཐོ་སྒང་གི་མེ་འཁོར་འབབ་ཚུགས་འཛུགས་སྐྲུན་བྱས་པ།

རྩོམ་པ་པོ། ཚེ་མགོན་རྒྱལ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-21 11:35

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟི་ལིང་མེ་འཁོར་འབབ་ཚུགས་ནི་མཚོ་བོད་ལྕགས་ལམ་དང་ལན་ཀྲུག་དང་ཞིན་ཅང་བར་གྱི་བགྲོད་ལམ་གཙོ་བོ་ཡིན་པ་མ་ཟད་མཚོ་བོད་ལྕགས་ལམ་གྱི་འགོ་ཚུགས་ས་ཡིན། ཟི་ལིང་གྲོང་ཁྱེར་གྱི་མེ་འཁོར་འབབ་ཚུགས་ཏེ་མཚོ་བོད་མཐོ་སྒང་གི་མེ་འཁོར་འབབ་ཚུགས་གཙོ་བོར་འཛུགས་སྐྲུན་བྱ་ཆེད། ཉེ་བའི་ལོ་འགར། མཚོ་སྔོན་ཞིང་ཆེན་ནོར་སྲིད་ཀྱིས་སྔ་གཞུག་དུ་སྒོར་ཐེར་འབུམ་བཞི་དང་དུང་ཕྱུར་བཞི་བཏང་ནས་ནུས་པ་ཡོད་པའི་སྒོ་ནས་ཟི་ལིང་མེ་འཁོར་འབབ་ཚུགས་བསྒྱུར་བཀོད་བཟོ་སྐྲུན་འཛུགས་སྐྲུན་བྱས།

ཤེས་གསལ་ལྟར་ན། ཟི་ལིང་མེ་འཁོར་འབབ་ཚུགས་ཀྱི་འབབ་ཚུགས་སྟེགས་བུ་བསྐྱར་ལས་སོགས་འབྲེལ་ཡོད་བཟོ་སྐྲུན་དང་ཟི་ལིང་མེ་འཁོར་འབབ་ཚུགས་ཕྱོགས་བསྡུས་བསྒྱུར་བཀོད་ནི་མེ་འཁོར་ས་ཚིགས་བཙུག་རྗེས་ཀྱི་གཞི་ཁྱོན་ཆེས་ཆེ་བའི་བསྒྱུར་བཀོད་ཡིན། བསྒྱུར་བཀོད་བཟོ་སྐྲུན་ཁྲོད་འགྲུལ་སྐྱེལ་ས་ཚིགས་དང་མེ་འཁོར་སྒུག་ཁང་ཐོག་ཁང་བསྐྱར་འཛུགས། འབབ་ཚུགས་སྟེགས་བུ་བསྐྱར་ཞུས་དང་ས་ཚུགས་ར་བ་གསར་དུ་འཛུགས་སྐྲུན་བྱེད་པ་དང་མི་ཚོགས་དང་རླངས་འཁོར་བསྡུ་འགྲེམ་ས་ཁུལ་སོགས། བསྒྱུར་བཀོད་བྱས་རྗེས་ཟི་ལིང་མེ་འཁོར་འབབ་ཚུགས་ཀྱི་ནུས་པ་སྔར་ལས་ཇེ་མཐོར་འགྲོ་ཐུབ་པ་མ་ཟད་རང་ཞིང་ལ་མྱུར་བགྲོད་མེ་འཁོར་མེད་པའི་ལོ་རྒྱུས་མཇུག་རྫོགས།

ཟི་ལིང་མེ་འཁོར་འབབ་ཚུགས་ཀྱི་བཟོ་སྐྲུན་དང་གནས་སྤོར་བཀོད་སྒྲིག་བདེ་ལེགས་ངང་འགྲུབ་ཆེད། ཞིང་ཆེན་ནོར་སྲིད་ཀྱིས་སྔ་གཞུག་དུ་སྒོར་ཐེར་འབུམ་བཞི་དང་དུང་ཕྱུར་བཞི་བྱེ་བ་བཞི་བཏང་བའི་རྨང་གཞིའི་སྟེང་། ས་ཆ་བསྡུ་ལེན་བྱས་པར་སྒོར་དུང་ཕྱུར་ལྔ་བཏང་། ད་ལོར་ཞིང་ཆེན་ནོར་སྲིད་ཀྱིས་ཞིང་ཆེན་རྒྱལ་ཁུངས་ཐོན་ཁུངས་ཐིན་དང་། མཚོ་བོད་ལྕགས་ལམ་ཀུང་ཟི་དང་ཟི་ལིང་གྲོང་ཁྱེར་རྒྱལ་ཁུངས་ཐོན་ཁུངས་ཐིན་སོགས་འབྲེལ་ཡོད་སྡེ་ཁག་གྱིས་ས་ཆ་བསྡུ་ལེན་བྱས་ནས་གནས་སྤོར་བཀོད་སྒྲིག་བྱས་པའི་མ་དངུལ་དོ་དམ་གནས་ཚུལ་ལ་ཆེད་དུ་ཞིབ་བཤེར་བྱས། དུས་ཐོག་དུ་སྡེ་ཁག་ཁ་ཤས་ཀྱིས་ས་ཆ་བསྡུ་ལེན་བྱེད་པའི་གོ་རིམ་ཁྲོད་མ་དངུལ་དུས་ལྟར་དུ་དོན་འཁྱོལ་མ་བྱས་པ་དང་། གཏན་ཁེལ་ལྟར་མ་དངུལ་མ་བཀོད་པའི་གནས་ཚུལ་སོགས་ལ་དག་ཐེར་དང་ལེགས་བཅོས་བྱས། མིག་སྔའི་བར་དུ། ཟི་ལིང་མེ་འཁོར་འབབ་ཚུགས་ཕྱོགས་བསྡུས་བསྒྱུར་བཀོད་བཟོ་སྐྲུན་ལ་དུས་རིམ་རང་བཞིན་གྱི་གྲུབ་འབྲས་ཐོབ།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག