མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

པད་མ་རྫོང་གིས་སྐྱེ་ཁམས་ཁོར་ཡུག་བྱ་བ་དམ་འཛིན་བྱས་ནས་ཕན་འབྲས་མངོན་གསལ་བླངས་པ།

རྩོམ་པ་པོ། བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-21 11:19

1111.jpg

པད་མ་རྫོང་གི་སྟོན་དུས་ཀྱི་མཛེས་ལྗོངས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་ལམ་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པད་མ་རྫོང་གི་ནགས་ཀྱི་རྒྱ་ཁྱོན་མུའུ་ས་ཡ་གཉིས་དང་འབུམ་བརྒྱད་ཁྲི་གཅིག་སྟོང་དགུ་ལྷག་ཏུ་བསླེབས་པ་དང་། དེའི་ནང་དུ་ནགས་ཚལ་གྱི་རྒྱ་ཁྱོན་ལ་མུའུ་ཁྲི་དྲུག་དང་སྟོང་བཞི་ལྷག་ཡོད། སྡོང་ཕྲུག་སྐྱེས་པའི་ནགས་མུའུ་སྟོང་གཅིག་དང་བདུན་བརྒྱ་ལྷག་དང་། ནགས་འཕྲོད་པའི་རྩྭ་ས་མུའུ་འབུམ་བརྒྱད་དང་ཁྲི་གསུམ་སྟོང་གཉིས་ལྷག་ཡོད་པས། ནགས་ཁེབས་ཚད་བརྒྱ་ཆའི་སོ་དྲུག་ལྷག་ཏུ་བསླེབས་ཡོད།

པད་མ་རྫོང་ནི་གཙང་གསུམ་འབྱུང་ཡུལ་གྱི་རང་བྱུང་སྲུང་སྐྱོབ་ས་ཁུལ་དུ་གནས་ཤིང་། ཀྲུང་ཧྭའི་ཆུ་མཛོད་ཀྱི་གྲུབ་ཆ་གལ་ཆེན་ཁག་ཅིག་རེད། དེའི་ནང་དུ་སྐྱེ་ཁམས་གནས་ཚུལ་དེ་རྫོང་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་རྒྱུན་སྲིང་ངང་འཕེལ་རྒྱས་སུ་གཏོང་བ་དང་འབྲེལ་བ་ཡོད་པར་མ་ཟད། ད་རུང་འབྲི་ཆུའི་སྨད་རྒྱུད་ཀྱི་སྐྱེ་ཁམས་བདེ་འཇགས་ལའང་འབྲེལ་བ་ཆེན་པོ་ཡོད་ལ། སྐྱེ་ཁམས་གོ་གནས་དེ་བས་གལ་ཆེ། ཉེ་བའི་ལོ་འགའི་རིང་ལ་པད་མ་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གིས་ཀྱང་ནགས་ལས་སྐྱེ་ཁམས་འཛུགས་སྐྲུན་བྱེད་པའི་བྱ་བར་མཐོང་ཆེན་ཚད་མཐོན་པོ་གནང་ནས། དུས་ཐོག་ཏུ་སྐྱེ་ཁམས་ལ་བརྟེན་ནས་རྫོང་སྟོབས་ལྡན་དུ་གཏོང་བའི་ཇུས་ཆོད་གལ་ཆེན་བཀོད་དེ། སྐྱེ་ཁམས་འཛུགས་སྐྲུན་དང་ནགས་ལས་འཕེལ་རྒྱས་བྱ་བ་དེ་རྫོང་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོ་གས་འཕེལ་རྒྱས་སུ་གཏོང་བའི་གོ་གནས་གལ་ཆེན་དུ་བཞག་སྟེ། ས་དེའི་སྐྱེ་ཁམས་ཕན་འབྲས་མངོན་གསལ་སྒོས་ཇེ་བཟང་དུ་སོང་། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག