ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོར་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱིས་ཤུགས་ཆེན་པོས་རུ་སྤོར་འབྲོག་དམངས་ཀྱི་གཏན་སྡོད་བཟོ་འགོད་ལ་སྐུལ་འདེད་གཏོང་བར་ཤུགས་བསྣན་པ་དང་། སྤྱི་ཟླ10བའི་ཚེས10ཉིན་བར་དུ། མགོ་ལོག་ཁུལ་གྱིས་གཏན་སྡོད་ཁྱིམ་ཚང2774འཛུགས་སྐྲུན་བྱས་པ་དང་། དེས་བཟོ་འགོད་འཛུགས་སྐྲུན་ལས་འགན་གྱི100%ཟིན། ཁྱིམ་ཚང2566ལེགས་འགྲུབ་བྱས་ལ་དེས་འཛུགས་སྐྲུན་ལས་འགན་གྱི92.5%ཟིན་ཡོད།
ད་ལོར་མགོ་ལོག་ཁུལ་གྱི་རུ་སྤོར་འབྲོག་དམངས་གཏན་སྡོད་བཟོ་འགོད་ལ་འཛུགས་སྐྲུན་ལས་འགན་ཁྱིམ་ཚང2774བཀོད་སྒྲིག་བྱས་པ་དང་། དེའི་ནང་པད་མ་རྫོང་ལ་ཁྱིམ་ཚང286དང་དགའ་བདེ་རྫོང་ལ་ཁྱིམ་ཚང1073། དར་ལག་རྫོང་ལ་ཁྱིམ་ཚང1011། གཅིག་སྒྲིལ་རྫོང་ལ་ཁྱིམ་ཚང404བཅས་ཡོད་ལ། མིག་སྔར་ཚང་མ་འཛུགས་སྐྲུན་བྱེད་མགོ་བརྩམས་ཡོད། །