ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཧེ་ཡན་རྫོང་གིས་གཞི་རིམ་རྨང་གཞིའི་བྱ་བར་སྔར་ལས་ཤུགས་སྣོན་པ་དང་། རྫོང་ཡོངས་ཀྱི་བོད་ཁུལ་བཅོས་སྒྱུར་འཕེལ་རྒྱས་བརྟན་འཇགས་སུ་གཏོང་བའི་བྱ་བར་ཡར་སྐུལ་བྱེད་པ། ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱ་འགུལ་དང་ཟུང་དུ་སྦྲེལ་ཆེད། ད་ལོའི་སྤྱི་ཟླ10བའི་ཚེས12ཉིན་ནས་བཟུང་སྟེ། ཞིང་ཆེན་དང་ཁུལ། རྫོང་བཅས་ནས་མངགས་པའི་ལས་ཁུངས་ཀྱི་ལས་བྱེད་པ་རེ་བདུན་ཧེ་ཡན་རྫོང་གི་ཞང་དང་གྲོང་རྡལ་དྲུག་དང་སྡེ་བ་གསུམ། སྡོད་ཁུལ་བདུན་དུ་སོང་ནས་ལག་ལེན་བྱ་འགུལ་སྤེལ་བ་དང་། ཧེ་ཡན་རྫོང་གིས་ལས་བྱེད་པ་མངགས་ཏེ་བོད་ཁུལ་གྱི་ཞང་དང་གྲོང་རྡལ་གྱི་བྱ་བར་རོགས་རམ་བྱེད་མགོ་བརྩམས།
རེབ་འདིར་མངགས་པའི་ལས་བྱེད་པ་རྣམས་ཞང་དང་གྲོང་བརྡལ་དང་སྡེ་བ། སྡོད་ཁུལ་བཅས་སུ་སོང་ནས་རོགས་རམ་བྱ་བ་སྤེལ་ནས། ཕན་ཚུན་བར་ཁ་གཏད་རོགས་སྐྱོར་བྱེད་པ་དང་། ཡུལ་དངོས་ནས་བྱ་བ་བསྒྲུབ་པ། དུས་གཏན་འཁེལ་བྱས་ནས་བརྗེ་རེས་བྱེད་པ་སོགས་ཀྱི་རྣམ་པ་སྤྱད། གཞི་རིམ་དུ་མངགས་པའི་ལས་བྱེད་པས་ཞང་དང་གྲོང་རྡལ་ཏང་ཨུ་དང་། སྲིད་གཞུང་གི་གཅིག་གྱུར་མགོ་ཁྲིད་འོག གཙོ་བོ་གཞི་རིམ་རྩ་འཛུགས་འཛུགས་སྐྲུན་བྱ་བ་དང་། དམངས་འཚོ་ཇེ་བཟང་དུ་གཏོང་བ་དང་བརྟན་འཇགས་སྲུང་སྐྱོབ་སོགས་བྱ་བ་སྤེལ་ཏེ་ཕན་འབྲས་ཅུང་བཟང་བོ་བླངས། །