མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་གྱི་ཞིང་སྡེའི་དཀའ་ངལ་མང་ཚོགས་ཀྱི་ཁང་རྙིང་བསྒྱུར་བཅོས་བཟོ་འགོད་མཇུག་བསྡུ་བའི་དུས་རིམ་དུ་སླེབས་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2013-10-21 11:18

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ10བ་སླེབས་པའི་ཚུན་སུ། མཚོ་སྔོན་ཞིང་ཆེན་གྱི་རོང་འབྲོག་ཁུལ་གྱི་སྡོད་ཁང་འཛུགས་སྐྲུན་ལ་དཔྱད་ཞིབ་ཚད་ལེན་བྱེད་པའི་དུས་ཚོད་སླེབས་པ་དང་བསྟུན་ནས། ས་ཁུལ་སོ་སོས་ལས་ཡུན་བེད་སྤྱད་དེ། ཧུར་བརྩོན་གྱིས་ལོ་མཇུག་སྔོན་ལ་ལོ་ཧྲིལ་བོའི་དམིགས་ཚད་ལས་འགན་ལེགས་འགྲུབ་བྱེད་པར་བརྩོན་ལེན་བྱས།

མིག་སྔའི་བར་དུ། ཞིང་ཆེན་ཡོངས་ཀྱི་ཞིང་སྡེའི་དཀའ་ངལ་མང་ཚོགས་ཀྱི་ཁང་རྙིང་བསྒྱུར་བཅོས་བཟོ་འགོད་འཛུགས་སྐྲུན་ལ་དོན་དངོས་ཐོག་ཁྱིམ་ཚང25566ལེགས་འགྲུབ་བྱས་ཤིང་། དེ་ལོ་མགོར་གཏན་འཁེལ་བྱས་པའི་འཆར་བཀོད་ཁྱིམ་ཚང་ཁྲི2.5ལས2.26%འཕར། དེའི་ནང་ཁྱིམ་ཚང23508ལེགས་འགྲུབ་བྱས་ཤིང་། ལེགས་འགྲུབ་བྱས་པའི་ཁྱིམ་ཚང་གིས་སོ་སོར་དོན་དངོས་ཐོག་གཏན་འཁེལ་བྱས་པའི་ཁྱིམ་ཚང་དང་འཆར་འགོད་ལས་འགན་ཁྱིམ་ཚང་གི91.9%དང94%ཟིན་ཡོད།

མིག་སྔར། རིམ་པ་སོ་སོས་དམངས་སྲིད་སྡེ་ཁག་གིས་ལེགས་འགྲུབ་བྱས་ཟིན་པ་དང་ཕལ་ཆེར་ལེགས་འགྲུབ་བྱས་པའི་ཁང་རྙིང་བསྒྱུར་བཅོས་ཁྱིམ་ཚང་ལ“བྱང་བུ་གཅིག”གི་རྣམ་པས་ཁ་གསབ་མ་དངུལ་རྩིས་སྤྲོད་བྱེད་བཞིན་ཡོད་ལ། ཁ་གསབ་མ་དངུལ་སྟེར་ཚད89.7%ལ་སླེབས་ཡོད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག