མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་གྱིས“ཉི་འོད་རོགས་སྐྱོར་ཁྱིམ་ཚང་ཁྲི་བསྐྱལ་བའི”སྤྱི་ཚོགས་རོགས་སྐྱོར་དྲིལ་སྒྲོག་གཟའ་འཁོར་བྱ་འགུལ་སྤེལ་རྒྱུ་རེད།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2013-10-21 11:17

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ10བའི་ཚེས21ཉིན་ནས་ཚེས27ཉིན་བར། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་དམངས་སྲིད་སྡེ་ཁག་གིས་ཞིང་ཆེན་ཡོངས་ཀྱི་མངའ་ཁོངས་སུ“ཉི་འོད་རོགས་སྐྱོར་ཁྱིམ་ཚང་ཁྲི་ལ་བསྐྱལ་བའི”སྤྱི་ཚོགས་རོགས་སྐྱོར་དྲིལ་སྒྲོག་གཟའ་འཁོར་བྱ་འགུལ་སྤེལ་རྒྱུ་རེད།

ཐེངས་འདིའི་བྱ་འགུལ་གྱིས་གཙོ་བོ་ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་རོགས་སྐྱོར་བྱ་བའི་དཔེ་མཚོན་དང་གསར་སྐྲུན་རང་བཞིན་གྱི་ཉམས་མྱོང་ཐབས་ཤེས་དྲིལ་སྒྲོག་བྱས་ཏེ། སྤྱི་ཚོགས་ཀྱི་ལས་རིགས་སོ་སོས་དུས་ལྟར་སྤྱི་ཚོགས་རོགས་སྐྱོར་བྱ་བའི་འཕེལ་རྒྱས་གནས་ཚུལ་ལ་རྒྱུས་ལོན་བྱེད་པར་རོགས་སྐྱོར་བྱེད་རྒྱུ་རེད། བྱ་འགུལ་གྱིས་སྤྱི་ཚོགས་རོགས་སྐྱོར་གྱི་ཁྱབ་ཁོངས་དང་སྙན་ཞུ་ཆོག་མཆན་རོགས་སྐྱོར་ཅི་ལྟར་བྱེད་པ། རོགས་སྐྱོར་བྱ་འགུལ་ཇི་ལྟར་མངོན་གསལ་ཡོང་བ་དང་ལྟ་སྐུལ་དོ་དམ་ལ་ཇི་ལྟར་ཤུགས་སྣོན་པ་བཅས་བརྗོད་སྙིང་དུ་བཟུང་སྟེ། སྤྱི་ཚོགས་རོགས་སྐྱོར་ཀྱི་ཚད་གཞི་དང་ཆ་རྐྱེན། སྙན་ཞུ། ཞིབ་བཤེར། ཆོག་མཆན། མ་དངུལ་ཧྲག་བསྡུ་དང་རྩིས་སྤྲོད། ལྟ་སྐུལ་དོ་དམ་སོགས་ཀྱི་གོ་རིམ་ཞིབ་ཕྲས་མཚམས་སྦྱོར་བྱས་ནས། སྲིད་ཇུས་སྤྱི་བསྒྲགས་དང་གོ་རིམ་སྤྱི་བསྒྲགས། རོགས་སྐྱོར་བྱེད་ཡུལ་སྤྱི་བསྒྲགས། མ་དངུལ་སྤྱི་བསྒྲགས་བཅས་མངོན་འགྱུར་བྱེད་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག