མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཐུན་ཏེ་རྫོང་གི་བྱིས་པ་མང་ཆེ་ཤོས་ཀྱི་རྫོང་ཞང་དང་གྲོང་སྡེའི་རིམ་པ་གསུམ་གྱི་སློབ་སྔོན་སློབ་གསོ་མྱོང་ཐུབ་པ་བྱུང་བ།

རྩོམ་པ་པོ། རིན་ཆེན་མཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-21 11:16

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོར། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་གིས་རྫོང་དང་ཞང་། གྲོང་སྡེའི་རིམ་པ་གསུམ་གྱི་སློབ་སྔོན་སློབ་གསོའི་འཛུགས་སྐྲུན་བྱེད་ཤུགས་ཇེ་ཆེར་བཏང་ནས། ཞོལ་མ་ཞང་སྟག་གསོད་སྡེ་བ་ནས་སེར་གཡང་སྡེ་བའི་སློབ་གྲྭ་མ་ཞུགས་སྔོན་གྱི་བྱིས་པ་ཚང་མའི་རྫོང་ཞང་དང་གྲོང་སྡེའི་རིམ་པ་གསུམ་གྱི་སློབ་སྔོན་སློབ་གསོ་མྱོང་ཐུབ་པ་བྱུང་།

ད་ལོར། ཐུན་ཏེ་རྫོང་གིས་རྫོང་ཞང་དང་གྲོང་སྡེའི་རིམ་པ་གསུམ་གྱི་སློབ་སྔོན་སློབ་གསོའི་མ་ལག་དེ་དམངས་གཙོར་དོ་སྣང་བྱེད་པའི་བྱ་བ་གལ་ཆེན་ཞིག་ཏུ་བརྩིས་པ་དང་། ཅང་སུའུ་ཡི་ཁ་གཏད་རོགས་སྐྱོར་དང་བོད་ཁུལ་གྱི་རོགས་སྐྱོར་ལས་གཞི། ཞིང་ཆེན་ཡོངས་ཀྱི་སློབ་སྔོན་སློབ་གསོའི་ལོ་གསུམ་གྱི་འགུལ་སྐྱོད་འཆར་གཞི་བཅས་ལག་བསྟར་བྱེད་པ་དང་ཟུང་འབྲེལ་བྱས་ཏེ། སྤྱིའི་མ་དངུལ་སྒོར་བྱེ་བ་གཅིག་དང་ས་ཡ་དྲུག་འབུམ་གཉིས་བཏང་བའི་བཟོ་སྐྲུན་གྱི་རྒྱ་ཁྱོན་ལ་རྨིས་གྲུ་བཞི་མ་སྟོང་བདུན་བརྒྱ་དང་ཉེར་བདུན་ཡོད་པའི་སློབ་སྔོན་སློབ་གསོའི་ལས་གཞི་ལྔ་ལེགས་འགྲུབ་བྱས། དེ་དང་མཉམ་དུ། ཏང་སྲིད་དམག་གསུམ་དང་ཁེ་ལས་ཀྱིས་དཔེ་སྟོན་སྡེ་བ་མཉམ་འཛུགས་བྱེད་པའི་བྱ་འགུལ་དང་ཟུང་འབྲེལ་བྱས་ཏེ། རོང་འབྲོག་ཁུལ་གྱི་བྱིས་གཉོར་ཁང་ལ་སྒོ་ཆེན་དང་གྱང་ར། སྲ་འགྱུར་གཞུང་ལམ། དྲོད་རླངས། དཔེ་ཀློག་ཁང་སོགས་ཀྱི་ཆ་ཚང་སྒྲིག་ཆས་བཅུ་འཛུགས་སྐྲུན་བྱས།

ད་ལོར། ཐུན་ཏེ་རྫོང་གིས་ཡང་བསྐྱར་མ་དངུལ་སྒོར་བྱེ་བ་གཅིག་དང་ས་ཡ་གཅིག་འབུམ་དགུ་ཁྲི་གསུམ་བཏང་ནས། བྱིས་གཉོར་ཁང་ཉི་ཤུ་རྒྱ་བསྐྱེད་དང་ཞིག་གསོ་བྱས་པ་དང་། མ་དངུལ་སྒོར་ས་ཡ་ལྔ་དང་འབུམ་གཅིག་ཁྲི་དྲུག་བཏང་ནས། བཟོ་སྐྲུན་རྒྱ་ཁྱོན་ལ་རྨིས་གྲུ་བཞི་མ་སྟོང་གཉིས་དང་ཉིས་བརྒྱ་ཞེ་དྲུག་ཡོད་པའི་ཐང་མགོ་གྲོང་བརྡལ་གྱི་མི་དམངས་གནས་སྤོར་ས་དང་སྟག་གསོད་སྡེ་བ། གཡུ་རྔོག་སྡེ་བ་སོགས་རོང་འབྲོག་ཁུལ་གྱི་བྱིས་གཉོར་ཁང་གསུམ་གྱི་གསར་འཛུགས་ལས་གཞི་ལེགས་འགྲུབ་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག