མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

2013ལོའི་སློབ་གསོས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བྱ་བའི་གྲོས་ཚོགས་པེ་ཅིན་ནས་བསྡུས་པ།

རྩོམ་པ་པོ། ཞའོ་ཡན།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-21 11:16

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ10བའི་ཚེས18ཉིན། 2013ལོའི་སློབ་གསོས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བྱ་བའི་གྲོས་ཚོགས་པེ་ཅིན་ནས་བསྡུས། སློབ་གསོ་པུའུ་ཡི་པུའུ་ཀྲང་གཞོན་པ་ལུའུ་ཞིན་དང་ཧྲིན་ཀྲང་གཞོན་པ་མཱ་ཧྲུན་ཆིན་གཉིས་གྲོས་ཚོགས་སུ་ཞུགས་པར་མ་ཟད་གཏམ་བཤད། རྒྱལ་དབང་རྒྱུ་ནོར་དོ་དམ་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སློབ་གསོ་ཐིན། པེ་ཅིན། ཧྲང་ཧེ། ཅང་སུའུ། ཀྲའེ་ཅང་། ཧྲན་ཏུང་བཅས་རོགས་སྐྱོར་བྱེད་པའི་ཞིང་ཆེན་དང་གྲོང་ཁྱེར་དྲུག་གི་སློབ་གསོ་སྲིད་འཛིན་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན་དང་། ཀྲུང་གོ་རྒྱལ་ཁབ་གློག་ཤུགས་སྡེ་ཚོགས་ཀུང་ཟི་སོགས་ཁ་གཏད་རོགས་སྐྱོར་གྱི་ལས་འགན་འཁུར་བའི་ཀྲུང་དབྱང་ཁེ་ལས་བཅུ་གསུམ་གྱི་འགན་ཁུར་བློ་མཐུན་གྲོས་ཚོགས་སུ་ཞུགས།

ལུའུ་ཞུན་གྱིས་བཤད་རྒྱུར། སློབ་གསོས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བྱ་བའི་གྲོས་ཚོགས་ཐེངས་དང་པོ་བསྡུས་པའི་ཚུན་ལ། རོགས་སྐྱོར་ལས་ཁུངས་སོ་སོས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བྱ་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པ་དང་། ཁྱད་པར་དུ་སློབ་གསོ་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བྱ་བ་གཙིགས་འཛིན་བྱས་ནས། སློབ་གསོ་དེ་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བྱ་བ་ཡོངས་ཀྱི་གོ་གནས་གལ་ཆེན་ཞིག་ཏུ་བཞག་སྟེ། སྔོན་ལ་སློབ་གསོའི་ལས་གཞི་བཀོད་སྒྲིག་དང་སློབ་གསོའི་མ་དངུལ་ལ་ཁག་ཐེག་བྱས། རོགས་སྐྱོར་བྱེད་པའི་ཕྱོགས་དང་རོགས་སྐྱོར་ཐོབ་པའི་ཕྱོགས་གཉིས་ཀྱིས་མཉམ་དུ་འབད་བརྩོན་བྱས་འོག སློབ་གསོས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བྱ་བར་གྲུབ་འབྲས་མངོན་གསལ་ཐོབ།

ལུའུ་ཞིན་གྱིས་རོགས་སྐྱོར་ལས་ཁུངས་སོ་སོས་སློབ་གསོས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བྱ་བར་ཧ་ཅང་མཐོང་ཆེན་བྱེད་དགོས་ཤིང་། བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་ཁུལ་དུ་སྤེལ་བའི་རྣམ་པ་མི་འདྲ་བའི་རྒྱ་བོད་སྐད་གཉིས་ཀྱི་སློབ་ཁྲིད་ལ་མཛུབ་སྟོན་བྱས་ནས། རྒྱ་བོད་སྐད་གཉིས་ཀྱི་སློབ་གསོ་རྒྱ་བསྐྱེད་པ་དང་། མི་རིགས་སློབ་མས་རྒྱལ་ཁབ་ཀྱི་ཐུན་མོང་དུ་སྤྱོད་པའི་སྐད་ཡིག་ལ་སློབ་སྦྱོང་དང་བཀོལ་སྤྱོད་བྱེད་པའི་ནུས་པ་རིམ་བཞིན་མཐོར་འདེགས་སུ་གཏོང་དགོས། རོགས་སྐྱོར་བྱེད་པའི་ཞིང་ཆེན་དང་གྲོང་ཁྱེར་གྱིས་ཁྱད་སྟོབས་ཐོན་ཁུངས་བེད་སྤྱད་དེ། མཚོ་སྔོན་གྱི་རྩིས་དངོས་རྫས་གསུམ་གྱི་སློབ་ཁྲིད་ཆུ་ཚད་མཐོར་འདེགས་གཏོང་དགོས་པའི་རེ་བ་བཏོན།  

མཱ་ཧྲུན་ཆིན་གྱིས་རོགས་སྐྱོར་བྱེད་པའི་ཞིང་ཆེན་དང་གྲོང་ཁྱེར་སོ་སོ། ཀྲུང་དབྱང་གི་ཁེ་ལས་བཅས་ཀྱིས་མཚོ་སྔོན་གྱི་སློབ་གསོ་བྱ་བར་རོགས་སྐྱོར་བྱས་པར་བཀའ་དྲིན་ཞུས་པར་མ་ཟད། སློབ་གསོས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བྱ་བའི་ཤུགས་ཚད་སྔར་ལས་ཇེ་ཆེར་གཏོང་དགོས་པའི་རེ་བ་བཏོན། རོགས་སྐྱོར་བྱེད་པའི་ཞིང་ཆེན་དང་གྲོང་ཁྱེར་དྲུག ཀྲུང་དབྱང་ཁེ་ལས་བཅུ་གསུམ་བཅས་ཀྱིས་སོ་སོར་སློབ་གསོས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བྱ་བ་བསྒྲུབས་པའི་གནས་ཚུལ་དང་ཕྱིན་ཆད་ཀྱི་རོགས་སྐྱོར་བསམ་ཚུལ་མཚམས་སྦྱོར་བྱས། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག