མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལས་ཁུངས་ཀྱིས་འཕྲིན་བཅར་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-20 10:17

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལས་ཁུངས་ཀྱིས་འཕྲིན་བཅར་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས་ནས། མཐུན་སྦྱོར་དང་འབྲེལ་འདྲིས་ལ་སྔར་ལས་ཤུགས་བསྣན་ཏེ། མཉམ་དུ་དམངས་འཐུས་ཚོགས་ཆེན་གྱི་འཕྲིན་བཅར་བྱ་བ་བཟང་བོར་སྒྲུབ་པའི་ཐད་ནས་ཞིང་ཆེན་སྲིད་གཞུང་འཕྲིན་བཅར་ལས་ཁུངས་དང་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་འབྲེལ་ཡོད་འགན་ཁུར་བློ་མཐུན་དང་བཞུགས་མོལ་དང་བརྗེ་རེས་བྱས་ཏེ། ཐུན་མོང་གི་ལྟ་བ་ཆགས་པར་བྱས།

བཞུགས་མོལ་བྱེད་སྐབས། ཚོགས་ཞུགས་བློ་མཐུན་རྣམས་ཀྱིས་བལྟས་ན། ཆབ་སྲིད་ཀྱི་འགན་འཁྲིའི་བསམ་པ་དང་། ཁྱོན་ཡོངས་ཀྱི་འདུ་ཤེས། མང་ཚོགས་ཀྱི་ལྟ་བ་བཅས་ཀྱི་མཐོ་ཚད་ནས། བསམ་བློ་དང་ངོས་འཛིན་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་འཕྲིན་བཅར་བྱ་བའི་སྐོར་གྱི་འཐབ་ཇུས་དང་བཀོད་སྒྲིག་སྟེང་གཅིག་གྱུར་བྱས་ནས། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མགོ་ཁྲིད་ཀྱི་མཛུབ་སྟོན་དགོངས་དོན་ལག་བསྟར་ནན་མོ་བྱེད་པ་དང་། དམངས་འཐུས་ཚོགས་ཆེན་གྱི་འཕྲིན་བཅར་བྱ་བའི་ཁྱད་ཆོས་ཁོང་དུ་ཆུད་པར་བྱེད་པ། བྱ་བའི་བསམ་ཕྱོགས་གསར་བསྐྲུན་བྱེད་པ། བྱ་བའི་ལམ་ལུགས་དང་བྱེད་སྟངས་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ། སྟོབས་ཤུགས་ཡོད་དགུ་བཏོན་ནས་མང་ཚོགས་ལ་བསམ་འཆར་མང་པོ་ཡོད་པའི་གནད་དོན་གཙོ་བོ་ཐག་གཅོད་བྱས་ཏེ། འཕྲིན་བཅར་བྱ་བའི་སྤུས་ཚད་དང་ཆུ་ཚད་ཕྱོགས་ཡོངས་ནས་མཐོར་འདེགས་སུ་གཏོང་དགོས་པར་སྙམ།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག