མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་ཏང་ཙུའུ་ཡིས་ཆེད་དོན་དམངས་གཙོ་འཚོ་བའི་གྲོས་ཚོགས་བསྡུས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-20 10:17

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཀྲུང་དབྱང་དང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་གཅིག་གྱུར་བཀོད་སྒྲིག་ལྟར་དུ། སྤྱི་ཟླ10བའི་ཚེས17ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་ཏང་ཙུའུ་ཡིས་ཉིན་ཧྲིལ་བོར་ཆེད་དོན་དམངས་གཙོ་འཚོ་བའི་གྲོས་ཚོགས་བསྡུས་ནས། ཏང་གི་སྔོན་ཐོན་རང་བཞིན་དང་ལྷད་མེད་རང་བཞིན་རྒྱུན་འཁྱོངས་བྱེད་པར་དམིགས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་ཧི་པེ་ཞིང་ཆེན་གྱི་ཏང་ཨུའི་རྒྱུན་ལས་ཨུ་ཡོན་གྱི་དམངས་གཙོ་འཚོ་བའི་གྲོས་ཚོགས་ལ་མཛུབ་སྟོན་བྱེད་སྐབས་ཀྱི་གསུངས་བཤད་གལ་ཆེན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་པ་དང་། རང་སྐྱོན་ངོས་ལེན་དང་གཞན་སྐྱོན་ཐེར་འདོན་གྱི་སྤྱིའི་རེ་བ་ལྟར་དུ། མི་དམངས་ལ་དོན་དངོས་སྒྲུབ་པ་དང་སྤྱོད་གཙང་བརྗོད་དོན་གཙོ་བོར་བྱས་ཤིང་། སྤྱོད་ཚུལ་ལེགས་སྒྲིག་བྱེད་པའི་སྙིང་སྟོབས་ཀྱིས་སྐྱོན་བརྗོད་དང་རང་ལ་སྐྱོན་བརྗོད་བྱས་ཏེ། སྤྱོད་ངན་བཞིའི་ཐད་ཀྱི་གནད་དོན་ཐག་གཅོད་ནན་མོ་བྱས།

ཐེངས་འདིའི་ཆེད་དོན་དམངས་གཙོ་འཚོ་བའི་གྲོས་ཚོགས་བཟང་བོར་བསྡུ་ཆེད། ཞིང་ཆེན་སྲིད་གཞུང་ཏང་ཙུའུ་ཡིས་སྔ་མོ་ནས་བཀོད་སྒྲིག་དང་གྲ་སྒྲིག་གང་ལེགས་བྱས་ཏེ། སློབ་སྦྱོང་ལ་ཤུགས་བསྣན་པ་དང་ངོས་ཟིན་ཇེ་མཐོར་བཏང་བའི་ཞོར་དུ། མངོན་གསལ་སྒོས་བྱ་འགུལ་སྤེལ་བ་རྒྱུན་འཁྱོངས་བྱས་པ་དང་། ཧྲིན་ཀྲང་ཧའོ་ཕིན་གྱིས་རང་དཔེ་གཞན་སྟོན་བྱས་ཏེ། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཁོངས་མིའི་མགོ་ཁྲིད་དེ་བཞུགས་མོལ་ཚོགས་འདུ་བསྡུས་པ་དང་། གཞི་རིམ་དུ་སོང་ནས་མང་ཚོགས་ཀྱི་བསམ་འཆར་ལ་ཉན་པར་མ་ཟད། ཏང་གི་འཐུས་མི་དང་། དམངས་འཐུས་ཚོགས་ཆེན་གྱི་འཐུས་མི། སྲིད་གྲོས་ཨུ་ཡོན། ཏང་ཕྱིའི་མི་སྣ། གཞི་རིམ་ལས་ཁུངས། རིགས་སོ་སོའི་མང་ཚོགས་བཅས་ཀྱིས་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་དང་ཏང་ཙུའུ་ཁོངས་མིའི་སྤྱོད་ཚུལ་འཛུགས་སྐྲུན་ཐད་ཀྱི་བསམ་འཆར་བསྡུ་ལེན་བྱས།

ཚོགས་ཐོག་ཏུ། ཧའོ་ཕིན་གྱིས་ཐོག་མར་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་མགོ་ཁྲིད་ཀྱི་ཚབ་བྱས་ཏེ་ཞིབ་བསྡུར་ཞིབ་བཤེར་བྱས་པ་དང་། སྤྱོད་ངན་བཞི་ལ་དམིགས་ནས།ཕྱོགས་བཅུའི་ཐད་ཀྱི་འབུར་ཐོན་གནད་དོན་ཕྱིར་བཏོན་པར་མ་ཟད། མགོ་ཁྲིད་དེ་རང་སྟེང་ན་གནས་བའི་གནད་དོན་ལ་ཞིབ་བཤེར་དང་ཐེར་འདོན་བྱས་པ་དང་། ཏང་ཙུའུ་ཁོངས་མི་ཚང་མས་རེ་རེ་བཞིན་དཔྱད་བསྡུར་ཞིབ་བཤེར་བྱས།

ཏང་ཙུའུ་ཁོངས་མིས་ད་དུང་གཟབ་ནན་དང་སྦ་གསང་མེད་པར་ཕན་ཚུན་ལ་སྐྱོན་བརྗོད་བྱས་ཏེ། གཞན་སྐྱོན་ཐེར་འདོན་གྱི་གྲུབ་འབྲས་དང་། མཐུན་སྒྲིལ་དང་སྐུལ་སློང་གི་ནུས་བ་བཟང་བོ་འདོན་སྤེལ་བྱས་པར་མ་ཟད། བསམ་བློ་གཅིག་གྱུར་དང་མཐུན་སྒྲིལ་ཇེ་དམ། མཉམ་དུ་མཐོར་འདེགས་བྱེད་པའི་དམིགས་འབེན་མངོན་འགྱུར་བྱས། ཚང་མས་མཐའ་གཅིག་ཏུ། ཐེངས་འདིའི་དམངས་གཙོ་འཚོ་བའི་གྲོས་ཚོགས་ནི་ཏང་ནང་གི་ཆབ་སྲིད་འཚོ་བ་གཟབ་ནན་ཞིག་ཡིན་པ་དང་། བསམ་བློ་བརྗེ་རེས་བརྒྱུད་ནས། བསམ་བློའི་ངོས་ཟིན་ཇེ་མཐོར་སོང་བ་དང་ཏང་གཤིས་རྩ་དོན་ལ་སྔར་ལས་སྦྱོང་བརྡར་བཟང་བོ་ཐོབ་པར་སྙམ།

ཧའོ་ཕིན་གྱིས་སྤྱི་བསྡོམས་བྱས་ནས་གཏམ་བཤད་སྐབས། མང་ཚོགས་ལམ་ཕྱོགས་སློབ་ལག་ལེན་བྱ་འགུལ་སྔར་ལས་གཏིང་ཟབ་ཏུ་སྤེལ་བ་དང་། སྲིད་གཞུང་མགོ་ཁྲིད་ཚན་ཁག་གི་སྤྱོད་ཚུལ་འཛུགས་སྐྲུན་ལ་ཤུགས་བསྣན་ནས། སྲིད་གཞུང་གི་བྱ་བ་སྣ་ཚོགས་བཟང་བོར་སྤེལ་བའི་ཐད་ནས་རེ་བ་གསལ་བོ་བཏོན།

ཀྲུང་དབྱང་ལྟ་སྐུལ་མཛུབ་སྟོན་ཚན་ཆུང་དང་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡི་འབྲེལ་ཡོད་བློ་མཐུན་གྱིས་གྲོས་ཚོགས་ལ་མཛུབ་སྟོན་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག