མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱིས་དུས་ཚིགས་གསུམ་གྱི་དངུལ་ལོར་དབྱེ་ཞིབ་ཚོགས་འདུ་བསྡུས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-20 10:17

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ10བའི་ཚེས18ཉིན། མཚོ་སྔོན་ཞིང་ཆེན་གྱིས་ད་ལོའི་སྔོན་མའི་དུས་ཚིགས་གསུམ་གྱི་དངུལ་ལོར་དབྱེ་ཞིབ་ཚོགས་འདུ་བསྡུས་ཏེ་དུས་ཚིགས་སྔོན་མ་གསུམ་གྱི་ཞིང་ཆེན་ཡོངས་ཀྱི་དངུལ་ལོར་འཁོར་སྐྱོད་ཀྱི་ཁྱད་ཆོས་དང་མདུན་དུ་ལྷགས་པའི་དཀའ་ཁག་ལ་དབྱེ་ཞིབ་བྱས་པ་དང་། དུས་ཚིགས་བཞི་བའི་དངུལ་ལོར་བྱ་བ་བཀོད་སྒྲིག་བྱས། ཧྲིན་ཀྲང་གཞོན་པ་ཀའོ་ཡུན་ལུང་གྲོས་ཚོགས་སུ་ཞུགས་ནས་གཏམ་བཤད།

ད་ལོའི་སྤྱི་ཟླ1པོ་ནས་སྤྱི་ཟླ9བའི་བར་མཚོ་སྔོན་ཞིང་ཆེན་གྱི་སྤྱི་ཚོགས་དང་དངུལ་གཏོང་གཞི་ཁྱོན་སྒོར་ཐེར་ཆེན་དགུ་དང་ཐེར་འབུམ2དུང་ཕྱུར6ལྷག་ལ་བསླེབས་པ་དེ་དུས་མཉམ་ལས51.8%འཕར་བས་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོ་ཡིན།

ཀའོ་ཡུན་ལུང་གིས་བཤད་རྒྱུར། རྒྱལ་ཁབ་ཕྱི་ནང་གི་གནས་བབ་རྙོག་འཛིང་ཡིན་པའི་རྒྱབ་ལྗོངས་འོག ཞིང་ཆེན་ཡོངས་ཀྱི་དངུལ་ལོར་མ་ལག་གིས་དངུལ་ཁང་དང་དངུལ་འཛིན། ཉེན་ཚབ་བཅས་ལས་རིགས་ཀྱི་ལས་སྒོའི་དམིགས་ཚད་རྒྱུན་མཐུད་དང་མགྱོགས་མྱུར་ངང་འཕར་སྣོན་བྱུང་བས་དངུལ་ལོར་སྤྱིའི་ཆ་ནས་སྣང་ཚུལ་བཟང་བོའི་ཕྱོགས་སུ་འཁོར་སྐྱོད་བྱེད་བཞིན་ཡོད། གོ་རིམ་རྗེས་མར་གཙོ་བོ་དངུལ་ལོར་སྒྲིག་གཞི་རྒྱུན་ཆད་མེད་པར་ལེགས་སྒྲིག་བྱས་ཏེ་གནད་སའི་ཁྱབ་ཁོངས་སུ་དངུལ་གཏོང་ལ་སྣེ་ཁྲིད་བྱེད་དགོས། དངུལ་ལོར་འགན་སྲུང་མ་ལག་འཐུས་ཚང་དུ་བཏང་སྟེ། ཁེ་ལས་ཆུང་བ་དང་ཆེས་ཆུང་བའི་ཁེ་ལས། “ཞིང་གསུམ”དང“ཕྱུགས་གསུམ”འཕེལ་རྒྱས་སུ་གཏོང་བར་རྒྱབ་སྐྱོར་བྱེད་དགོས། དངུལ་ལོར་གྱི་ཤུགས་ཚད་ཇེ་ཆེར་བཏང་ནས་མ་རྩའི་ཚོང་རའི་དངུལ་གཏོང་ཐབས་ལམ་དང་གཞི་ཁྱོན་རྒྱ་བསྐྱེད་དགོས། འོས་འཚམས་ཀྱིས་དངུལ་ལོར་གྱི་ནང་རྐྱེན་རྒྱ་བསྐྱེད་པ་དང་ལྷག་པར་དུ་གསར་སྐྲུན་རང་བཞིན་གྱི་དངུལ་ལོར་སྒྲིག་གཞི་ནང་འདྲེན་བྱེད་པའི་ཤུགས་ཚད་ཇེ་ཆེར་གཏོང་དགོས། འབད་བརྩོན་གྱིས་དངུལ་ལོར་ལས་རིགས་འཕེལ་རྒྱས་སུ་གཏོང་བའི་རིམ་པ་ཇེ་མཐོར་གཏོང་བ་དང་། དུས་སྐབས་སྔོན་མའི་ལས་གཞིར་ཞིབ་བཤེར་ཆོག་མཆན་འགོད་པའི་བྱ་བ་ཇེ་མགྱོགས་སུ་བཏང་ནས་ལས་གཞི་མང་བསྡུ་བྱེད་པའི་གྲངས་ཚད་དང་རྒྱུ་སྤུས་ལ་འགན་སྲུང་བྱས་ནས་རྒྱུན་ཆད་མེད་པར་དངུལ་ལོར་གྱི་སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་བྱེད་དགོས་ཟེར།

ཀའོ་ཡུན་ལུང་གིས་རིམ་པ་སོ་སོའི་སྡེ་ཁག་དང་དངུལ་ལོར་སྡེ་ཁག་གིས་དཔལ་འབྱོར་འཕེལ་རྒྱས་ཀྱི་དོན་དངོས་ལ་དམ་དུ་དམིགས་ཏེ་གནས་བབ་ལ་དབྱེ་ཞིབ་དང་བརྡར་ཤ་བཅད་ནས་ད་ལོའི་དམིགས་འབེན་དང་ལས་འགན་ཡོངས་སུ་འགྲུབ་པར་འགན་སྲུང་བྱེད་དགོས་པ་མ་ཟད། སྔ་མོ་ནས་སང་ལོའི་བྱ་བ་སྣ་ཚོགས་ལ་འཆར་འགོད་དང་བཀོད་སྒྲིག་བྱེད་དགོས་ཞེས་ནན་གྱིས་བསྟན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག