མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་ལྷོ་ཁུལ་གྱིས་བོད་སྐད་ཀྱི་ཨེ་ཙིའི་ནད་ཡམས་སྔོན་འགོག་གིDVDའོད་སྡེར་བསྒྲིགས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-20 10:16


མཚོ་ལྷོ་ཁུལ་གྱིས་བོད་སྐད་ཀྱི་ཨེ་ཙིའི་ནད་ཡམས་སྔོན་འགོག་གིDVDའོད་སྡེར་བསྒྲིགས་པ།

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཅང་སུའུ་ཞིང་ཆེན་ནད་ཡམས་སྔོན་འགོག་ལྟེ་གནས་ཀྱིས་རོགས་སྐྱོར་གནང་ནས་བསྒྱུར་སྒྲིག་བྱས་པ་དང་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱིས་རྩ་འཛུགས་བྱས་ནས་ལོ་ཙཱ་དང་ཕབ་སྦྱོར་བྱས་པའི་བོད་སྐད་པར་གཞིའི་ཨེ་ཙིའི་ནད་ཡམས་སྔོན་འགོག་གི་མུ་འབྲེལDVDའོད་སྡེར་གཉིས་པ་དང་གསུམ་པ། བཞི་བ་བཅས་བསྒྲིགས་ཚར་པ་རེད།

འོད་སྡེར་ཁྲོད་བོད་སྐད་ཀྱི་ལམ་ནས་འགྲེལ་བཤད་བྱས་ཐོག བརྙན་རིས་ཀྱི་གོང་དུ་བོད་ཡིག་འཆར་ལ། བརྗོད་བྱའི་ཐད་ཨེ་ཙིའི་ནད་ཡམས་འགོས་པའི་ནད་པའི་འཚོ་གཞེས་ཀྱི་གནས་ཚུལ་དང་ནད་རྟགས་ལ་དབྱེ་ཞིབ་བྱེད་པ། ཆེད་མཁས་ཀྱི་བགྲོ་གླེང་སོགས་ཀྱི་སྒོ་ནས་ཨེ་ཙེའི་ནད་ཡམས་འགོ་བའི་ཐབས་ལམ་དང་དེའི་ཉེན་ཁ་ཆ་ཚང་བོར་ངོ་སྤྲོད་བྱས་ཡོད་ལ། ཨེ་ཙིའི་ནད་ཡམས་སྔོན་འགོག་གིDVDའོད་སྡེར་དེ་སྤྱི་ཚོགས་ཐོག་བཀྲམ་པར་བརྒྱུད་ནས་མི་རྣམས་ཀྱིས་རང་སྟེང་ནས་བཟུང་ཨེ་ཙིའི་ནད་ཡམས་སྔོན་འགོག་བྱེད་དགོས་པའི་ཉེན་བརྡ་བཏང་བར་མ་ཟད། སྤྱི་ཚོགས་ཡོངས་ཀྱིས་ཨེ་ཙིའི་ནད་ཡམས་འགོས་པའི་ནད་པ་ལ་ཐུགས་ཁུར་དང་རོགས་སྐྱོར་བྱས་ནས་ཁོ་ཚོ་འཚོ་བའི་སྡུག་བསྔལ་ལས་གྲོལ་བར་བྱེད་པའི་འབོད་སྐུལ་བཏང་།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག