མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་གྱི་འགུལ་བརྙན་བརྩམས་ཆོས་བཞི་ལ་ཀྲུང་གོའི་ནུབ་རྒྱུད་གློག་བརྙན་སྒྱུ་རྩལ་དུས་ཆེན་གྱི་བྱ་དགའ་ཐོབ་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-19 11:02

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན་མཇུག་སྒྲིལ་བའི་ཀྲུང་གོའི་ནུབ་རྒྱུད་རྒྱལ་སྤྱིའི་གློག་བརྙན་སྒྱུ་རྩལ་དུས་ཆེན་སྐབས་གཉིས་པའི་སྟེང་། མཚོ་སྔོན་ཞིང་ཆེན་མི་རིགས་སྐད་ཡིག་འགུལ་བརྙན་དར་སྤེལ་ལྟེ་གནས་ཀྱིས་འདེམ་སྐྱེལ་བྱས་པའི་བརྩམས་ཆོས་བཞི་ལས་བརྩམས་ཆོས་གསུམ་ལ་བྱ་དགའ་ཨང་དང་པོ་དང་། བརྩམས་ཆོས་གཅིག་ལ་བྱ་དགའ་ཨང་གཉིས་པའི་གྲུབ་འབྲས་ལེགས་པོ་ཐོབ།

ཨ་རིའི་ཧྲིན་ཏེ་ཨ་ཀི་གློག་བརྙན་དུས་ཆེན་རྩ་འཛུགས་ཨུ་ཡོན་ལྷན་ཚོགས་དང་འཛམ་གླིང་མི་རིགས་གློག་བརྙན་དུས་ཆེན་རྩ་འཛུགས་ཨུ་ཡོན་ལྷན་ཚོགས་གཉིས་ཀྱིས་མཉམ་འབྲེལ་སྒོས་བསྒྲུབས་པའི་ཀྲུང་གོའི་ནུབ་རྒྱུད་རྒྱལ་སྤྱིའི་གློག་བརྙན་སྒྱུ་རྩལ་དུས་ཆེན་སྐབས་གཉིས་པ་དང་གློག་བརྙན་མཐོ་རིམ་གླེང་སྟེགས་ཉེ་སྔོན་ཀན་སུའུ་ལན་ཀྲིག་ཏུ་མཇུག་སྒྲིལ་ཞིང་། རྒྱལ་ཡོངས་ཀྱི་ལས་ཁུངས་དང་མི་སྒེར། གློག་བརྙན་གསར་རྩོམ་སྡེ་ཁག་སོགས་ལས་ཁུངས་ཉིས་བརྒྱ་ལ་ཉེ་བ་ཙམ་ཐེངས་འདིའི་བྱ་དགའ་གནང་བའི་མཛད་སྒོར་ཞུགས།

འདིའི་ཁྲོད་བདམས་ཐོན་བྱུང་བའི་མཚོ་སྔོན་གྱི་གློག་བརྙན་བརྩམས་ཆོས་བཞི་ནི། མཚོ་སྔོན་ཞིང་ཆེན་མི་རིགས་སྐད་ཡིག་འགུལ་བརྙན་དར་སྤེལ་ལྟེ་གནས་ཀྱི་དངོས་བྲིས་གློག་བརྙན«མཚོ་སྔོན་པོ། ངང་མཚོ»དང«བོད་རིགས་བུ་མོའི་སྐྲ་ཕབ་པ» མཚོ་སྔོན་ཞིང་ཆེན་མི་རིགས་སྐད་ཡིག་འགུལ་བརྙན་དར་སྤེལ་ལྟེ་གནས་ཀྱི་ཁོངས་སུ་གཏོགས་པའི་ལས་ཁུངས་ཏེ་དགའ་བསྐྱེད་འགུལ་བརྙན་ཀུང་ཟིའི་ལེའུ་ལྔ་ཅན་གྱི་མུ་འབྲེལ་འགུལ་བརྙན«དྲི་མེད་ཀུན་ལྡན་འཚོལ་བ»བཅས་ལ་བྱ་དགའ་ཨང་དང་པོ་ཐོབ་ཅིང་། དངོས་བྲིས་གློག་བརྙན«མཚོ་སྔོན་བོད་བརྒྱུད་ནང་བསྟན་གྱི་འཛུགས་སྐྲུན་དང་སྒྱུ་རྩལ»ཞེས་པར་བྱ་དགའ་ཨང་གཉིས་པ་ཐོབ། ནུབ་རྒྱུད་ཀྱི་ཞིང་ཆེན་དང་ལྗོངས་ལྔའི་ཁྲོད། མཚོ་སྔོན་མི་རིགས་སྐད་ཡིག་འགུལ་བརྙན་དར་སྤེལ་ལྟེ་གནས་ནི་བྱ་དགའ་འདི་ཐོབ་པའི་ལས་ཁུངས་ཉག་ཅིག་ཡིན་པ་མ་ཟད། ཐེངས་འདིའི་གློག་བརྙན་དུས་ཆེན་གྱི་བྱ་དགའ་ཐོབ་པ་ཆེས་མང་བའི་ལས་ཁུངས་ཀྱང་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག