མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

སྤྱི་ཟླ10བའི་ཚེས19ཉིན་ནས་ཚེས20ཉིན་བར་མཚོ་སྔོན་ཞིང་ཆེན་གྱི་ས་ཁུལ་མང་ཆེ་བར་ཁངས་ཆར་འབབ་རྒྱུ་ཡིན་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-19 11:02

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ10བའི་ཚེས18ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་གནམ་གཤིས་རྟོག་དཔྱོད་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། གནམ་གཤིས་དཔྱད་གཞི་གསར་བ་ལས་དབྱེ་ཞིབ་བྱས་པ་ལྟར་ན། འཁྱག་རླུང་གི་ཤུགས་རྐྱེན་ཐེབས་པས། སྤྱི་ཟླ10བའི་ཚེས19ཉིན་ནས་ཚེས20ཉིན་བར་མཚོ་སྔོན་ཞིང་ཆེན་གྱི་ས་ཁུལ་མང་ཆེ་བར་ཁངས་ཆར་འབབ་རྒྱུ་ཡིན་ལ། མཚོ་སྔོན་ལྷོ་ཕྱོགས་ཀྱི་ས་ཁུལ་ཁ་ཤས་སུ་ཁངས་ཆེན་འབབ་རྒྱུ་རེད། དེའི་ནང་ཟི་ལིང་ས་ཁུལ་དུ་ཚེས་བཅུ་དགུ་ཉིན་གྱི་དགོང་མོར་ཆར་འབབ་རྒྱུ་རེད།

གནམ་གཤིས་ཆེད་མཁས་པས་མཚམས་སྦྱོར་བྱས་པ་ལྟར་ན། ཐེངས་འདིའི་ཁངས་ཆར་འབབ་པའི་ནམ་ཟླའི་ཁྲོད། མཚོ་སྔོན་ལྷོ་ཕྱོགས་ཀྱི་ས་ཁུལ་ཁ་ཤས་ལ་ཁངས་ཆེན་འབབ་རྒྱུ་ཡིན་པས། ཁངས་ཆག་འབྱུང་སྲིད་ལ། འབྲེལ་ཡོད་ས་ཁུལ་གྱིས་འགྲིམ་འགྲུལ་བདེ་འཇགས་དང་ཕྱུགས་ཟོག སྒྲིག་ཆས་ཞིང་ལས་ཀྱི་འཁྱག་འགོག་དྲོད་སྲུང་སོགས་ཀྱི་བྱ་བ་བཟང་བོར་བསྒྲུབ་དགོས་པའི་གྲོས་གཞི་བཏོན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག