མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་ནོར་སྲིད་ཀྱིས་མ་དངུལ་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་གཉིས་བཏང་ནས་གནམ་གྲུ་ཐང་གི་མྱུར་བགྲོད་གཞུང་ལམ་འགྲམ་རྒྱུད་ཀྱི་ཡུལ་ལྗོངས་ཇེ་ལེགས་སུ་གཏོང་རྒྱུ་ཡིན་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-19 10:59

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། དུས་ལྟར་གནམ་གྲུ་ཐང་གི་མྱུར་བགྲོད་གཞུང་ལམ་འགྲམ་རྒྱུད་ཀྱི་ཟི་ལིང་ས་མཚམས་ཀྱི་ཡུལ་ལྗོངས་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་གི་ལས་འགན་ཡོངས་འགྲུབ་བྱེད་ཆེད། མཚོ་སྔོན་ཞིང་ཆེན་ནོར་སྲིད་དང་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་སོགས་ལས་ཁུངས་ཀྱིས་ད་ལོར་ཕྱོགས་མང་པོ་ནས་མ་དངུལ་སྒོར་ཐེར་འབུམ1དང་དུང་ཕྱུར2གྲབས་གསོག་བྱས་ཏེ་ལས་གཞི་དེ་བདེ་བླག་ངང་ལག་བསྟར་བྱེད་པར་འགན་སྲུང་བྱས།

གནམ་གྲུ་ཐང་གི་མྱུར་བགྲོད་གཞུང་ལམ་འགྲམ་རྒྱུད་ཟི་ལིང་བར་རྒྱུད་ཀྱི་ཡུལ་ལྗོངས་ལ་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པའི་ལས་གཞི་ལག་བསྟར་བྱས་པ་དེས། ཟི་ལིང་གྲོང་ཁྱེར་གྱི་སྣང་བརྙན་དང་སྤུས་ཚད་ཇེ་མཐོར་གཏོང་བ་དང་། གྲོང་ཁྱེར་བསྒྱུར་བཀོད་དང་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བྱེད་ཐུབ་པས། ཕྱོགས་བསྡུས་བཅོས་སྐྱོང་བྱ་བ་བཟང་བོར་བསྒྲུབ་ཆེད། མཚོ་སྔོན་ཞིང་ཆེན་ནོར་སྲིད་ཀྱིས་ད་ལོའི་ཟླ7པའི་ནང་མ་དངུལ་སྒོར་དུང་ཕྱུར6བཏང་བའི་རྨང་གཞིའི་སྟེང་། ཉེ་སྔོན་ཡང་བསྐྱར་མ་དངུལ་སྒོར་དུང་ཕྱུར4བཏང་ནས། དུས་སྐབས་སྔོན་མའི་མྱུར་བགྲོད་གཞུང་ལམ་འགྲམ་རྒྱུད་ཀྱི་ཁང་བར་ལྟ་ཞིབ་ཚད་ལེན་བྱེད་པ་དང་། སྡེ་དམངས་གནས་སྤར་ནས་བཀོད་སྒྲིག་བྱེད་པ། ལས་གཞི་འཛུགས་སྐྲུན་དོ་དམ་བྱེད་པ། ཡུལ་ལྗོངས་ལྗང་མདོག་ཅན་དུ་བསྒྱུར་བ་དང་བཅོས་སྐྱོང་བྱེད་པ་སོགས་ཐད་ལ་བཀོལ་རྒྱུ་ཡིན་པ་དང་། ད་དུང་མ་དངུལ་སྒོར་དུང་ཕྱུར2དེ་ལོ་མཇུག་ཏུ་ལས་གཞི་ལག་བསྟར་གནས་ཚུལ་ལ་དཔྱད་ཞིབ་བྱས་རྗེས། བྱ་དགའི་རྣམ་པ་བརྒྱུད་ནས་སྟེར་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག