མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ད་ལོར་མཚོ་སྔོན་ཞིང་ཆེན་གྱི་གནས་སྐོར་སྤྱིའི་ཡོང་སྒོ་སྒོར་མོ་ཐེར་ཆེན་གཅིག་དང་ཐེར་འབུམ་ལྔ་ལས་བརྒལ་བ།

རྩོམ་པ་པོ། བཀྲ་ཤིས་འབུམ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-18 11:33

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ་མཚོ་སྔོན་ཞིང་ཆེན་གནས་སྐོར་ཅུའུ་ཡིས་བསྒྲགས་པའི་གནས་ཚུལ་ལྟར་ན། ད་ལོའི་སྤྱི་ཟླ་དང་པོ་ནས་མིག་སྔའི་བར་དུ་མཚོ་སྔོན་ཞིང་ཆེན་གྱི་གནས་སྐོར་ལས་རིགས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་འགྲུལ་བ་མི་ཐེངས་བྱེ་བ་གཅིག་དང་ས་ཡ་བདུན་ལ་སྣེ་ལེན་བྱས་པ་དང་། གནས་སྐོར་སྤྱིའི་ཡོང་སྒོ་སྒོར་མོ་ཐེར་ཆེན་གཅིག་དང་ཐེར་འབུམ་ལྔ་ལས་བརྒལ་ཞིང་། གནས་སྐོར་ཚད་གཞི་ཆེན་པོ་གཉིས་མཉམ་དུ་འཕར་སྣོན་བྱུང་བ་དང་དེ2012ལོར་གནས་སྐོར་བར་སྣེ་ལེན་བྱས་པའི་མི་གྲངས་དང་གནས་སྐོར་བའི་ཡོང་སྒོ་ལས་བརྒལ། དེ་ལས་མཚོ་སྔོན་ཞིང་ཆེན་གྱི་གནས་སྐོར་ལས་རིགས་མཆོང་བསྐྱོད་སྒོས་འཕེལ་རྒྱས་སུ་སོང་བ་དང་མཐོ་སྒང་གི་གནས་སྐོར་ཞིང་ཆེན་གྲགས་ཅན་འཛུགས་སྐྲུན་བྱེད་པའི་ཆུ་ཚད་སྔར་ལས་ཇེ་མཐོར་སོང་བ་མཚོན་ཡོད་ལ། གནས་སྐོར་ལས་རིགས་དེ་ལྷད་མེད་ཐོན་ལས་ཡིན་པའི་ཆ་ནས་མཚོ་སྔོན་གྱི་དཔལ་འབྱོར་འཕེལ་རྒྱས་ཁྲོད་དུ་འཕར་སྣོན་ལ་ཁག་ཐེག་དང་གྲུབ་ཚུལ་སྙོམས་སྒྲིག བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ་དང་དམངས་འཚོ་ལེགས་བཅོས་བྱེད་པ་བཅས་ཀྱི་ཐད་ལ་ནུས་པ་བཏོན་པ་མཚོན་ཡོད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག