མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཡུལ་ཤུལ་གྲོང་ཁྱེར་གྱི་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་དང་པོ་ཚེས16ཉིན་ཚོགས་པ།

རྩོམ་པ་པོ། བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-18 11:33

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཡུལ་ཤུལ་གྲོང་ཁྱེར་གྱི་འཐུས་མིའི་ཚོགས་ཆེན་ཐེངས་དང་པོ་ཚེས16ཉིན་ཚོགས།

གྲོས་ཚོགས་ནས་ཡུལ་ཤུལ་ས་འགུལ་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་བྱ་བ་གཙོ་བོ་སྟེ་ཡུལ་ཤུལ་རྫོང་གི་ལོ་གསུམ་གྱི་བསྐྱར་འཛུགས་བརྒྱུད་རིམ་ཕྱིར་དྲན་བྱས། གྲོས་ཚོགས་ནས་བསྟན་དོན། ལོ་གསུམ་གྱི་རིང་ལ་བསྐྱར་འཛུགས་བྱས་པའི་བརྒྱུད་རིམ་ནི། དཀའ་ཁག་ཡོད་ཚད་ཁྱད་དུ་བསལ་ནས། དཔའ་ངར་ཞུམ་མེད་ཀྱིས་གསར་བསྐྲུན་བྱས་པའི་ལོ་རྒྱུས་ཤིག་ཡིན་ཞིང་། འཚོལ་ཞིབ་ཟབ་མོ་དང་བབ་བསྟུན་མདུན་སྐྱོད་བྱས་པའི་འཕེལ་རྒྱས་ཀྱི་ལོ་རྒྱུས་ཤིག་ཡིན་ལ། དཔའ་མཛངས་རྟུལ་ཕོད་དང་མཆོང་སྐྱོད་ཀྱི་འབད་བརྩོན་གྱི་ལོ་རྒྱུས་ཤིག་རེད། ཡུལ་ཤུལ་རྫོང་གིས་ལོ་གསུམ་གྱི་རིང་ལ་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་བྱ་བའི་ལས་འགན་བདེ་བླག་ངང་ཡོངས་འགྲུབ་བྱས་པ་ནི། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཐུགས་ཁུར་ཆེན་པོ་གནང་བ་དང་། རྒྱལ་ཡོངས་མི་དམངས་ཀྱིས་སྒེར་སེམས་མེད་པར་རོགས་སྐྱོར་བྱས་པའི་འབྲས་བུ་ཡིན་པ་དང་། ཞིང་ཆེན་དང་ཁུལ་ཏང་ཨུ་དང་སྲིད་གཞུང་། ཞིང་ཆེན་བཀོད་འདོམས་པུའུ་ཡིས་ཡང་དག་པའི་མགོ་ཁྲིད་བྱས་པའི་མཇུག་འབྲས་ཡིན་ཞིང་། རོགས་སྐྱོར་ལས་ཁུངས་དང་དང་ལེན་མཁན་གྱིས་སྟོབས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱས་པའི་མཇུག་འབྲས་ཡིན་ལ། རྫོང་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱིས་དཀའ་སྤྱད་སྡུག་རུས་བྱས་པའི་མཇུག་འབྲས་རེད་ཟེར།

གྲོས་ཚོགས་ནས་ནན་གྱིས་བསྟན་དོན། ཡུལ་ཤུལ་གྲོང་ཁྱེར་གྱིས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་དགོངས་དོན་དང་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་དགོངས་དོན་ལག་བསྟར་དང་དངོས་འབེབས་ནན་མོ་བྱས་ནས། ཕན་འབྲས་ཇེ་བརྟན་དང་འཕེལ་འབྲས་ཇེ་མཐོར་གཏོང་བ། བརྟན་འཇགས་སྲུང་འཛིན་བྱེད་པའི་བརྗོད་བྱ་གཙོ་བོར་དམ་པོར་དམིགས་ནས། ཧུར་ཐག་གིས་སྡོད་དམངས་ཀྱིས་ཁྱིམ་གཞི་གསར་བ་དང་སྐྱེ་ཁམས་ལ་བརྟེན་ནས་མཐོ་རླབས་གསར་བར་བསྐྱོད་པ་དང་། སྒྲིག་ཆས་ལེགས་བཅོས་བྱེད་པ། མཁར་གྲོང་གི་རྣམ་པ་ཇེ་གསར་དང་། སྤྱི་ཚོགས་འཆམ་མཐུན་ཡོང་བའི་རྣམ་པ་གསར་བ་ཞིག་བསྐྲུན་པའི་དམིགས་ཡུལ་མངོན་འགྱུར་བྱས་ནས། ཧུར་ཐག་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྔོན་ཐོན་དཔེ་སྟོན་ས་ཁུལ་འཛུགས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཡུལ་ཤུལ་གསར་བ་འཛུགས་སྐྲུན་བྱེད་ཤུགས་ཇེ་ཆེར་གཏོང་དགོས་ཟེར།

གྲོས་ཚོགས་ནས་ད་རུང་ཡུལ་ཤུལ་གྲོང་ཁྱེར་གྱིས་མ་འོངས་བའི་ལོ་འགའི་རིང་ལ་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་ལས་འགན་གཙོ་བོ་བཏོན་པ་སྟེ། རྫོང་གྲོང་ཁྱེར་དུ་བསྒྱུར་བའི་གོ་སྐབས་དམ་འཛིན་བྱས་ནས། བསྐྱར་འཛུགས་སླར་གསོ་བྱས་ནས་གྲོང་ཁྱེར་དར་རྒྱས་སུ་གཏོང་བ་དང་། གཞི་རྩ་ཇེ་བརྟན་དུ་བཏང་ནས་གྲོང་ཁྱེར་སྲུང་འཛིན་བྱེད་པ། དེང་རབས་ཞིང་ཕྱུགས་ལ་བརྟེན་ནས་གྲོང་ཁྱེར་བརྟན་འཇགས་སུ་གཏོང་བ། ཚོང་ལས་དང་གནས་སྐོར་ལས་རིགས་ལ་བརྟེན་ནས་གྲོང་ཁྱེར་འབྱོར་ཕྱུག་ཏུ་གཏོང་བ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་བརྟེན་ནས་གྲོང་ཁྱེར་ཇེ་བརྟན་དུ་གཏོང་བ། རིག་གནས་སློབ་གསོར་བརྟེན་ནས་གྲོང་ཁྱེར་སྟོབས་ལྡན་དུ་གཏོང་བ། སྤྱི་ལ་དབང་བ་མིན་པའི་དཔལ་འབྱོར་གྱིས་གྲོང་ཁྱེར་ལ་གསོན་ཤུགས་སྣོན་པ། ཁྲིམས་ལུགས་སྒྲིག་ལམ་ལ་བརྟེན་ནས་གྲོང་ཁྱེར་བཅོས་སྐྱོང་བྱེད་པ་བཅས་བྱས་ཏེ། ཡུལ་ཤུལ་གྲོང་ཁྱེར་དེ་ཆགས་སྟངས་འོས་མཐུན་ཡིན་པ་དང་། ནུས་པ་འཛོམས་པ། སྒྲིག་ཆས་ཆ་ཚང་ཡིན་པ་དང་། ཁྱད་ཆོས་འབུར་དུ་ཐོན་པ། ཁོར་ཡུག་མཛེས་པའི་མཐོ་སྒང་གི་སྐྱེ་ཁམས་རྣམ་པའི་ཚོང་ལས་ཉོ་ཚོང་དང་རིག་གནས་གནས་སྐོར་གྲོང་ཁྱེར་དང་། གཙང་གསུམ་འབྱུང་ཡུལ་ས་ཁུལ་དང་མཚོ་སྔོན་དང་བོད་ལྗོངས། ཟི་ཁྲོན་སོགས་ཀྱི་འབྲེལ་མཚམས་ས་ཁུལ་གྱི་གྲོང་ཁྱེར་གཙོ་བོ། བོད་ཁུལ་གྱི་གྲོང་ཁྱེར་གཞི་གཅིག་ཅན་འཕེལ་རྒྱས་ཀྱི་སྔོན་སྐྱོད་ས་ཁུལ། བོད་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་གྲོང་ཁྱེར་བཅས་སུ་འཛུགས་སྐྲུན་བྱེད་རྒྱུ་དེ་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག