མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་གྱི་སྡེ་བ7ཡང་ཀྲུང་གོའི་སྲོལ་རྒྱུན་སྡེ་བའི་མིང་མཛོད་ནང་ཚུད་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2013-10-18 10:41

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། སྡོད་ཁང་དང་ཤང་གྲོང་འཛུགས་སྐྲུན་པུའུ་དང་རིག་གནས་པུའུ། ནོར་སྲིད་པུའུ་བཅས་ཀྱིས་མཉམ་དུ་ཁྱབ་བསྒྲགས་བྱས་པའི་སྐོར་གཉིས་པའི་ཀྲུང་གོའི་སྲོལ་རྒྱུན་སྡེ་བའི་མིང་མཛོད་ནང་ཚུད་པའི་མིང་ཐོའི་ནང་། ན་ནིང་སྐོར་དང་པོའི་སྲོལ་རྒྱུན་སྡེ་བའི་མིང་མཛོད་དུ་མཚོ་སྔོན་གྱི་སྡེ་བ13ཚུད་པའི་རྗེས། ཐེངས་འདིར་ཡང་བསྐྱར་སྡེ་བ7མིང་ཐོའི་ནང་ཚུད་ཤིང་། དེ་བས་མཚོ་སྔོན་གྱི་སྡེ་བ20ཀྲུང་གོའི་སྲོལ་རྒྱུན་སྡེ་བའི་མིང་མཛོད་ནང་ཚུད་ཡོད།

སྲོལ་རྒྱུན་སྡེ་བ་ཞེས་པ་ནི་དངོས་པོའི་རྣམ་པ་དང་དངོས་པོ་མ་ཡིན་པའི་རིག་གནས་ཤུལ་བཞག་ཡོད་པ་དང་། ལོ་རྒྱུས་དང་རིག་གནས། སྤྱི་ཚོགས། དཔལ་འབྱོར་བཅས་ཀྱི་རིན་ཐང་མཐོན་པོ་ལྡན་པའི་སྡེ་བ་ལ་བསྟན་པ་ཡིན། ཐེངས་འདིར་ཀྲུང་གོའི་སྲོལ་རྒྱུན་སྡེ་བའི་མིང་མཛོད་དུ་ཚུད་པའི་མཚོ་སྔོན་གྱི་སྡེ་བ་དག་ནི། ཕིན་ཨན་རྫོང་ཧུང་ཧྲེ་ཆོན་ཤང་ཞའོ་ཧྲེ་ཆོན་སྡེ་བ་དང་ཧུང་ཧྲེ་ཆོན་སྡེ་བ། ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་བུའུ་ཧྲི་གྲོང་རྡལ་བུའུ་ཧྲི་སྡེ་བ་དང་ཧུང་ཡ་ཙི་ཀུ་ཤང་ཀྲང་ཅ་སྡེ་བ། ཐུན་རིན་རྫོང་བཙན་མོ་ཤང་ཡར་སྟེང་སྡེ་བ། ཁྲི་ཀ་རྫོང་ཧི་ཞི་སྡེ་བ་སྲང་གཞུག་སྡེ་བ། ཡུས་ཧྲུའུ་ཁུལ་ནང་ཆེན་རྫོང་ཉག་ལ་ཤང་ལྡོམ་རེའི་མདོ་སྡེ་བ་བཅས་ཡིན། སྲོལ་རྒྱུན་སྡེ་བའི་མིང་མཛོད་ནང་ཚུད་པའི་སྡེ་བར་རྒྱལ་ཁབ་རིམ་པ་ནས་ས་གནས་རིམ་པས་སྲུང་སྐྱོང་བྱེད་ཤུགས་ཇེ་ཆེར་བཏང་སྟེ། སྡེ་བའི་ཁོར་ཡུག་ལེགས་བཅོས་སོགས་འཛུགས་སྐྲུན་ལས་གཞི་དག་སྲོལ་རྒྱུན་སྡེ་བ་ཁ་ཕྱོགས་རྒྱུ་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག