མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཧྲང་ཧེ་གྲོང་ཁྱེར་སྲིད་གཞུང་གིས་རོགས་སྐྱོར་བྱས་པའི་གཅིག་སྒྲིལ་རྫོང་གི་སློབ་འབྲིང་ལེགས་འགྲུབ་བྱུང་ནས་བཀོལ་སྤྱོད་བྱེད་མགོ་བརྩམས་པ།

རྩོམ་པ་པོ། བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-18 10:41

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་གི་ཉིས་སྟོང་བཅུ་གཉིས་ལོའི་སྐོར་དང་པོའི་ཚད་གཞི་ཅན་གྱི་སློབ་གྲྭ་འཛུགས་སྐྲུན་བྱེད་པའི་ལས་གཞི་དང་ཧྲང་ཧེ་གྲོང་ཁྱེར་སྲིད་གཞུང་གིས་རོགས་སྐྱོར་བྱས་པའི་གཅིག་སྒྲིལ་རྫོང་མི་རིགས་བཅའ་སྡོད་ལམ་ལུགས་སློབ་འབྲིང་གི་སློབ་ཁྲིད་ཐོག་ཁང་རྒྱ་བསྐྱེད་པ་དང་སློབ་མའི་ཁྲུས་ཁང་སོགས་འཛུགས་སྐྲུན་བྱེད་པའི་བཟོ་སྐྲུན་ལས་གཞིར་བདེ་བླག་ངང་ཚོད་ལྟ་ཚད་ལེན་ཐོབ།

ཧྲང་ཧེ་གྲོང་ཁྱེར་སྲིད་གཞུང་གིས་རོགས་སྐྱོར་བྱས་པའི་མི་རིགས་བཅའ་སྡོད་ལམ་ལུགས་ཀྱི་སློབ་འབྲིང་གི་ཐོག་ཁང་རྒྱ་བསྐྱེད་པའི་བཟོ་སྐྲུན་ཐད་ལ་མ་དངུལ་སྒོར་མོ་བྱེ་བ་གཅིག་དང་ས་ཡ་གཉིས་བཏང་ཞིང་། འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་རྨིད་གྲུ་བཞི་མ་སྟོང་བཞི་ཡོད་པ་དང་། ཐོག་ཁང་ལ་བརྩེགས་རིམ་བཞི་ཡོད། ལས་གཞི་དེ་2012ལོའི་སྤྱི་ཟླ7པའི་ཚེས17ཉིན་ནས་འཛུགས་སྐྲུན་བྱེད་མགོ་བརྩམས་པ་དང་། 2013ལོའི་སྤྱི་ཟླ10བའི་ཚེས5ཉིན་གོང་གི་བཟོ་སྐྲུན་ཚང་མ་ཕྱོགས་ཡོངས་ནས་ལེགས་འགྲུབ་བྱུང་བ་མ་ཟད། སྤྱི་ཟླ10བའི་ཚེས14ཉིན་སློབ་གྲྭ་དང་། རྫོང་ཞིབ་དཔྱོད་ཁང་། ལྟ་ཞིབ་དང་རྩིས་བཤེར། འཕེལ་རྒྱས་བཅོས་སྒྱུར་དང་། མཁར་གྲོང་འཛུགས་སྐྲུན་དང་། ནོར་སྲིད། རྒྱལ་ཁོངས་ཐོན་ཁུངས་དང་། སློབ་གསོ། ལྟ་ཞིབ་སོགས་སྡེ་ཁག་གི་གཅིག་གྱུར་གྱི་ཚོད་ལྟ་ཚད་ལེན་ཐོབ་པ་དང་། སློབ་གྲྭ་བཀོལ་སྤྱོད་བྱེད་མགོ་རྩོམ་པར་འཐད་པ་བྱུང་། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག