མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

རྨ་ཆེན་རྫོང་གིས་སྡེ་དམངས་ཨུ་ཡོན་ལྷན་ཁང་དང་སྡེ་བའི་ཏང་ཀྲི་པུའུ་གཉིས་ཀྱི་མགོ་ཁྲིད་ཁོངས་མིའི་གསོ་སྦྱོང་འཛིན་གྲྭ་བསྡུས་པ།

རྩོམ་པ་པོ། རིན་ཆེན་མཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-18 10:41

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་ཏང་ཨུའི་ཏང་གི་སློབ་གྲྭས་སྡེ་དམངས་ཨུ་ཡོན་ལྷན་ཁང་དང་སྡེ་བའི་ཏང་ཀྲི་པུའུ་མགོ་ཁྲིད་ཁོངས་མིའི་གསོ་སྦྱོང་འཛིན་གྲྭ་བསྡུས་ནས། སྡེ་དམངས་ཨུ་ཡོན་ལྷན་ཁང་དང་སྡེ་བའི་ཏང་ཀྲི་པུའུ་ཡི་མགོ་ཁྲིད་ཁོངས་མིའི་ཕྱོགས་བསྡུས་བྱང་ཚད་ཇེ་མཐོར་བཏང་བ་དང་། རང་གི་བྱ་བར་རྐང་བཙུགས་ནས་དམངས་ལ་དོན་དངོས་དང་དོན་བཟང་སྒྲུབ་པའི་ཡིད་ཆེས་ཇེ་བརྟན་དུ་བཏང་།

སྡེ་བའི་ལས་བྱེད་པ་ནི་སྡེ་བ་རིམ་པའི་རྩ་འཛུགས་ཀྱི་དཀྱིལ་སྙིང་དང་བྱ་བ་སྣ་ཚོགས་ཀྱི་ལག་བསྟར་བྱེད་མཁན་ཡིན་པར་མ་ཟད། ཏང་ཡོན་མང་ཚོགས་ཀྱི་རྐང་འཛིན་པ་ཡང་ཡིན་པས། སློབ་སྦྱོང་ཅན་དང་འཕེལ་རྒྱས་ཅན། ཞབས་ཞུ་ཅན་གྱི་ཕྱོགས་བསྡུས་རང་བཞིན་གྱི་སྡེ་བའི་ལས་བྱེད་པར་འགྱུར་རྒྱུ་ནི་མང་ཚོགས་ལ་ཞབས་ཞུ་སྒྲུབ་པའི་དགོས་མཁོ་རེད། དེའི་རྐྱེན་གྱིས་ཐེངས་འདིའི་གསོ་སྦྱོང་གིས་སྡེ་བའི་ལས་བྱེད་པའི་དངོས་ཡོད་གནས་ཚུལ་ལ་དམིགས་ནས། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་དང་། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པ། རུལ་སུངས་ལ་ངོ་རྒོལ་དང་སྤྱོད་གཙང་དར་སྤེལ་འཛུགས་སྐྲུན། ད་ལྟའི་གནས་བབ་སྲིད་ཇུས་དང་གོ་སྐབས། སྡེ་བའི་ལས་བྱེད་པའི་ནུས་བ་མཐོར་འདེགས་དང་། སྡེ་བ་རིམ་པའི་དམངས་གཙོ་ཆབ་སྲིད་འཛུགས་སྐྲུན་སོགས་སློབ་སྦྱོང་གི་ནང་དོན་གཙོ་བོར་བྱས་པར་མ་ཟད། བྱེ་བྲག་གི་བྱེད་ཐབས་བཏོན་པ་དང་། མང་ཚོགས་ཀྱིས་དོ་སྣང་བྱེད་བཞིན་པའི་གནད་དོན་གཙོ་བོར་བྱས་ནས། སྡེ་དོན་ཕྱིར་སྒྲོག་གི་ནང་དོན་གཏན་ཁེལ་དང་། དངུལ་དོན་དག་གཙང་བྱེད་རྒྱུ་དེ་ཐོད་བརྒལ་བྱེད་སར་བྱས་ཏེ།དངུལ་དོན་ཕྱིར་སྒྲོག་བྱས་པ་དང་། ལམ་ལུགས་འཛུགས་སྐྲུན་བྱེད་པར་འགན་སྲུང་བྱས་ནས། སྡེ་དོན་ཕྱིར་སྒྲོག་རྒྱུན་ལྡན་ཅན་དུ་བསྒྱུར་བར་སྐུལ་འདེད་བྱས་པར་མ་ཟད། སྡེ་དམངས་ཨུ་ཡོན་ལྷན་ཁང་དང་སྡེ་བའི་ཏང་ཀྲི་པུའུ་ཡི་འབྲེལ་བ་དང་འགན་ནུས་ཀྱི་གནད་དོན་ཐད་ནས་བསམ་འཆར་དང་རེ་བ་བཏོན།

གསོ་སྦྱོང་བརྒྱུད་ནས། སྡེ་བ་སོ་སོའི་སྡེ་དམངས་ཨུ་ཡོན་ལྷན་ཁང་དང་སྡེ་བའི་ཏང་ཀྲི་པུའུ་ཡི་མགོ་ཁྲིད་ཁོངས་མིས་འགན་ཁུར་དང་བྱ་བར་རྒྱུས་ལོན་སྔར་ལས་གསལ་བོ་བྱས་པ་མ་ཟད། བྱ་བའི་རྣམ་འགྱུར་ཇེ་དྲང་དུ་སོང་བ་དང་། ཚང་མས་གཅིག་རྗེས་གཉིས་མཐུད་ཀྱིས་ཞང་ཏང་ཨུ་དང་། སྲིད་གཞུང་། སྡེ་དམངས་བཅས་ཀྱི་ཡིད་ཆེས་དང་རེ་བ་སྟོང་ཟད་དུ་མི་གཏོང་བར། མང་ཚོགས་ལ་ཞབས་འདེགས་བཟང་བོ་ཞུ་རྒྱུའི་ཚུལ་བསྟན། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག