མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཤར་རྒྱུད་ཀྱི་ཕུལ་བྱུང་དགེ་རྒན331མཚོ་སྔོན་ལྷོ་རྒྱུད་ཀྱི་ཁུལ་གསུམ་ལ་ཁ་གཏད་རོགས་སྐྱོར་ལ་ཕྱིན་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2013-10-18 10:41

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཉེ་སྔོན་མཚོ་སྔོན་སློབ་གསོ་ཐིན་ནས་རྒྱུས་ལོན་པ་ལྟར་ན། མཚོ་སྔོན་གྱིས་ཟི་ལིང་དང་མཚོ་ཤར་གྲོང་ཁྱེར། ཞིང་ཆེན་ཁོངས་གཏོགས་སློབ་གྲྭ་བཅས་ཀྱི་ཕུལ་བྱུང་དགེ་རྒན331སྐོང་འཐེན་བྱས་ཏེ་མཚོ་སྔོན་ལྷོ་རྒྱུད་ཀྱི་ཡུས་ཧྲུའུ་དང་མགོ་ལོག རྨ་ལྷོ་བཅས་ཁུལ་གསུམ་གྱི་མཐོ་འབྲིང་དང་རྫོང་མཁར་ཀྱི་དམའ་འབྲིང་དང་སློབ་ཆུང་བཅས་སུ་ཕྱིན་ནས་ཁ་གཏད་རོགས་སྐྱོར་སློབ་ཁྲིད་བྱ་བ་སྤེལ།

ཞིང་ཆེན་སློབ་གསོ་ཐིན་དང་ཞིང་ཆེན་ནོར་སྲིད་ཐིན། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱིས《མཚོ་སྔོན་ཞིང་ཆེན་ཤར་རྒྱུད་ས་ཁུལ་གྱི་སློབ་གྲྭ་འབྲིང་ཆུང་གིས་མཚོ་སྔོན་ལྷོ་རྒྱུད་ས་ཁུལ་སློབ་གསོའི་བྱ་བར་ཁ་གཏད་རོགས་སྐྱོར་བྱེད་པའི་ལག་བསྟར་འཆར་གཞི》གཏན་འཁེལ་བྱས་ཤིང་། 2013ལོའི་སྟོན་དུས་ནས་བཟུང་ཤར་རྒྱུད་ས་ཁུལ་གྱི་སློབ་གྲྭ་འབྲིང་ཆུང་གིས་མཚོ་སྔོན་ལྷོ་རྒྱུད་ས་ཁུལ་གྱི་སློབ་གྲྭའི་སློབ་གསོ་སློབ་ཁྲིད་བྱ་བར་ཁ་གཏད་རོགས་སྐྱོར་བྱེད་རྒྱུ་ཡིན་པ་དང་། དེའི་དམིགས་ཡུལ་གཙོ་བོ་ནི་ཞིང་ཆེན་ཡོངས་ཀྱི་རྨང་གཞི་སློབ་གསོ་ཆ་སྙོམས་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་རྒྱུ་དེ་ཡིན། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག