མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ནོར་སྲིད་ཀྱིས་མ་དངུལ་སྒོར་དུང་ཕྱུར2.5བཏང་ནས་ལས་བྱེད་པ་ཁྲི་ལྷག་གཞི་རིམ་དུ་བསྐྱོད་ནས་དཀའ་ངལ་མང་ཚོགས་ཀྱི་དཀའ་ཁག་ཐག་གཅོད་བྱེད་རོགས་བྱས་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2013-10-18 10:41

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལས་བྱེད་པ་ཁྲི་ལྷག་གཞི་རིམ་དུ་བསྐྱོད་པའི་བྱ་འགུལ་གཏིང་ཟབ་དང་ཕན་ནུས་ལྡན་པའི་སྒོ་ནས་སྤེལ་བར་སྐུལ་འདེད་གཏོང་ཆེད། མཚོ་སྔོན་ཞིང་ཆེན་ནོར་སྲིད་ཀྱིས་ཉེ་ལམ་ཆེད་སྤྱོད་ཁ་གསབ་མ་དངུལ་སྒོར་དུང་ཕྱུར2.505བཀོད་སྒྲིག་བྱས་ཏེ། རོང་འབྲོག་པ་མང་ཚོགས་ཀྱི་དབུལ་ཕོངས་ལ་རོགས་སྐྱོར་དང་དབུལ་སྐྱོར། ཐོན་ལས་འཕེལ་རྒྱས་སོགས་ཀྱི་ཐད་འབུར་དུ་ཐོན་པའི་དཀའ་ངལ་དང་གནད་དོན་ཐག་གཅོད་པར་རོགས་རམ་བྱས་ནས། གཞི་རིམ་གྱི་རྨང་གཞི་ཞན་པའི་བྱ་བར་ཤུགས་སྣོན་བྱས།

ད་ལོའི་སྤྱི་ཟླ9བ་ནས་བཟུང་། མཚོ་སྔོན་གྱིས་ལས་བྱེད་པ་ཁྲི་ལྷག་རོང་འབྲོག་ཁུལ་དང་འཚོ་སྡོད་ཁུལ། ཁེ་ལས། སློབ་གྲྭ། དགོན་སྡེ་བཅས་སུ་བསྐྱོད་པའི་བྱ་འགུལ་སྤེལ། རོང་འབྲོག་ཁུལ་དུ་བསྐྱོད་པའི་བྱ་འགུལ་ཁྲོད། སྡེ་བ501ལ་རོགས་སྐྱོར་བྱེད་པ་གཙོ་གནད་དུ་བཟུང་སྟེ། འཆར་གཞི་ལྟར་ན་སྡེ་བ་རེར་ལོ་རེར་ཆེད་སྤྱོད་རོགས་སྐྱོར་མ་དངུལ་སྒོར་ཁྲི50བཀོད་སྒྲིག་བྱས་པ་དང་། ལོ་རེར་བསྡོམས་པས་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར2.505ལ་སླེབས་ཡོད། རོང་འབྲོག་ཁུལ་ལ་རོགས་སྐྱོར་བྱེད་པའི་བྱ་འགུལ་ལ་རྒྱབ་སྐྱོར་བྱེད་ཆེད། ཞིང་ཆེན་ནོར་སྲིད་ཐིན་གྱིས་དུས་ལྟར་འབྲེལ་ཡོད་ཀྱི་བྱ་བ་སྣ་ཚོགས་ལེགས་པོར་སྒྲུབ་ནས། གཙོ་གནད་རོགས་སྐྱོར་སྡེ་བ་མང་བ་དང་མ་དངུལ་དགོས་མཁོ་མཐོ་བའི་དོན་དངོས་ལ་གཞིགས་ཏེ། གཅིག་གྱུར་གྱིས་ཞིང་ཆེན་ནོར་སྲིད་ཀྱིས་བཀོད་སྒྲིག་བྱས་པའི་རོགས་སྐྱོར་གསར་སྤེལ་ཧྲག་བསྡུ་དང་སྤྱི་ཚོགས་དོ་དམ་གསར་སྐྲུན། ཞིང་སྡེའི་ཁོར་ཡུག་ཕྱོགས་བསྡུས་ལེགས་བཅོས་སོགས་ཀྱི་མ་དངུལ་བཀོད་སྒྲིག་བྱས་པ་བརྒྱུད། མ་དངུལ་འདང་མེད་པ་དག་ལ་ཞིང་ཆེན་ནོར་སྲིད་སྔོན་རྩིས་ལས་ཐག་གཅོད་བྱས། རོགས་སྐྱོར་ཆེད་སྤྱོད་མ་དངུལ་དེ་ཆེད་དམིགས་སུ་སྤྱོད་པ་དང་ཕན་ནུས་འདོན་སྤེལ་གང་ལེགས་བྱེད་པར་ཁག་ཐེག་བྱེད་ཆེད། 《རོང་འབྲོག་ཁུལ་གྱི་གཙོ་གནད་རོགས་སྐྱོར་སྡེ་བའི་ཆེད་སྤྱོད་མ་དངུལ་དོ་དམ་བྱེད་ཐབས》གཏན་འཁེལ་བྱས་ནས། མ་དངུལ་ཧྲག་བསྡུ་ཐབས་ལམ་དང་བེད་སྤྱོད་བྱེད་པ། ལྟ་སྐུལ་དོ་དམ་དང་ཕན་ནུས་གདེངས་འཇོག་སོགས་ཀྱི་ཐད་ནས་གཏན་འཁེལ་གསལ་བོ་བྱས། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག