མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ད་ལོར་མཚོ་སྔོན་གྱི་བཅུ་ཆའི་དགུ་ཡན་གྱི་ཞིང་སྡེའི་དཀའ་ངལ་མང་ཚོགས་ཀྱི་ཁང་རྙིང་བསྒྱུར་བཅོས་བཟོ་འགོད་ལེགས་འགྲུབ་འབྱུང་ངེས།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2013-10-17 11:11

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ10བའི་ཚེས16ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིན་ནས་རྒྱུས་ལོན་པ་ལྟར་ན། ད་ལོར། ཞིང་ཆེན་ཡོངས་ཀྱི་ཞིང་སྡེའི་དཀའ་ངལ་མང་ཚོགས་ཀྱི་ཁང་རྙིང་བསྒྱུར་བཅོས་བཟོ་འགོད་འཛུགས་སྐྲུན་དེ་མཇུག་མཐའི་དུས་རིམ་དུ་སླེབས་ཡོད་པ་དང་། ས་ཁུལ་སོ་སོའི་ཁང་རྙིང་བསྒྱུར་བཅོས་བཟོ་འགོད་ལེགས་འགྲུབ་བྱུང་ཚད90%ཡན་ལ་སླེབས་ཡོད།

ཞིང་ཆེན་ཡོངས་ཀྱི་ཞིང་སྡེའི་དཀའ་ངལ་མང་ཚོགས་ཀྱི་ཁང་རྙིང་བསྒྱུར་བཅོས་བཟོ་འགོད་འཛུགས་སྐྲུན་ལ་དོན་དམ་པར་ཁྱིམ་ཚང25566ཡོད་པ་དང་། ལོ་མགོར་གཏན་འཁེལ་བྱས་པའི་ཁྱིམ་ཚང་ཁྲི2.5ཡི་འཆར་གཞིའི2.26%ལ་སླེབས་ཡོད། དེའི་ནང་ཁྱིམ་ཚང23508ལེགས་འགྲུབ་བྱས་ཡོད་པ་དང་། ལེགས་འགྲུབ་བྱས་པའི་ཁྱིམ་ཚང་གིས་དོན་དངོས་ཐོག་གཏན་འཁེལ་བྱས་པའི་བསྒྱུར་བཅོས་བྱེད་ཡུལ་དང་འཆར་གཞི་ལས་འགན་ཁྱིམ་ཚང་གི་གྲངས་ཀའི91.9%དང94%ཟིན་ཡོད།

མིག་སྔའི་བར་དུ། ཞིང་ཆེན་ཡོངས་ཀྱི་ས་ཁུལ་སོ་སོས་ཆ་སྡེབ་མ་དངུལ་སྒོར་ཁྲི7988དངོས་འབེབས་བྱས་ཤིང་། དེས་ཞིང་ཆེན་ཡོངས་ཀྱི་ས་ཁུལ་གྱིས་ཆ་སྡེབ་བྱེད་དགོས་པའི་མ་དངུལ་གྱི99.85%ཟིན་ཡོད། མིག་སྔར། རིམ་པ་སོ་སོའི་དམངས་སྲིད་སྡེ་ཁག་གིས་འཛུགས་སྐྲུན་ལེགས་འགྲུབ་བྱས་ཟིན་པ་དང་ལེགས་འགྲུབ་བྱེད་ལ་ཉེ་བའི་ཁང་རྙིང་བསྒྱུར་བཅོས་ཁྱིམ་ཚང་ལ“བྱང་བུ་གཅིག”གི་རྣམ་པས་ཁ་གསབ་མ་དངུལ་རྩིས་སྤྲོད་བྱེད་བཞིན་ཡོད་ལ། ཁ་གསབ་མ་དངུལ་སྟེར་ཚད89.7%ལ་སླེབས་ཡོད། །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག