མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་ཤར་གྲོང་ཁྱེར་ས་གནས་སྤྱི་བའི་ནོར་སྲིད་སྔོན་རྩིས་ཡོང་སྒོ་མགྱོགས་མྱུར་ངང་འཕར་བ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2013-10-17 11:09

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་ཚུན་ནས་བཟུང་། མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་གྱིས་ནན་ཏན་སྒོས་ཡོང་སྒོ་དམིགས་ཚད་འགན་འཁྲི་ལམ་ལུགས་དངོས་འབེབས་བྱས་ཏེ། ཕྱོགས་ཡོངས་ནས་ཁྲལ་ཁུངས་ལ་དབྱེ་ཞིབ་དང་སྔོན་རྩིས་བྱས་ཏེ། ཁྲལ་བསྡུའི་སྦས་ཤུགས་སྔོག་འདོན་དང་ཁྲིམས་ལྟར་ཁྲལ་བསྡུའི་དོ་དམ་བྱེད་ཤུགས་ཇེ་ཆེར་བཏང་ནས། ས་གནས་ཀྱི་སྤྱི་བའི་ནོར་སྲིད་སྔོན་རྩིས་ཡོང་སྒོ་མུ་མཐུད་དུ་མགྱོགས་མྱུར་ངང་འཕར་བར་ཁག་ཐེག་བྱས། མིག་སྔའི་བར་དུ། གྲོང་ཁྱེར་ཡོངས་ཀྱིས་ས་གནས་སྤྱི་བའི་ནོར་སྲིད་སྔོན་རྩིས་ཡོང་སྒོ་སྒོར་དུང་ཕྱུར8.84ལེགས་འགྲུབ་བྱས་པ་དང་། དེ་ན་ནིང་གི་སྔོན་རྩིས་ཀྱི78.8%ཡིན་ལ། ཞིང་ཆེན་རིམ་པས་གཏན་འཁེལ་བྱས་པའི་ལས་འགན་གྱི83%ལེགས་འགྲུབ་བྱས་ཡོད། ན་ནིང་གི་སྤྱི་ཟླ9བའི་ཟླ་མཇུག་བར་དུ་ལེགས་འགྲུབ་བྱས་པ་ལས24.2%འཕར་བ་དང་སྒོར་ཁྲི17251འཕར་ཡོད། །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག