མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱི་ཞིང་སྡེའི་བྱ་དགའི་རང་བཞིན་གྱི་སྡོད་ཁང་མང་ཆེ་ཤོས་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

རྩོམ་པ་པོ། རིན་ཆེན་མཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-16 15:55

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། མཚོ་སྔོན་ཞིང་ཆེན་སྡོད་ཁང་མཁར་གྲོང་འཛུགས་སྐྲུན་ཐིན་གྱིས་ཞིབ་བཤེར་ཚན་ཆུང་གསུམ་བཙུགས་ནས། ཟི་ལིང་དང་མཚོ་ཤར། མཚོ་ལྷོ། མཚོ་བྱང་། མཚོ་ནུབ། རྨ་ལྷོ། མགོ་ལོག་བཅས་ཁུལ་དང་གྲོང་ཁྱེར་གྱི་རྫོང་ཉི་ཤུ་དང་ཞང་བཞི་བཅུ། སྡེ་བ་བརྒྱ་དང་བཅོ་བརྒྱད་ཀྱི་ཞིང་སྡེའི་བྱ་དགའི་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན་གནས་ཚུལ་ལ་ཆེད་དོན་ཞིབ་བཤེར་བྱས་པ་དང་། ཞིབ་བཤེར་ལས་མངོན་པ་ལྟར་ན་མཚོ་སྔོན་ཞིང་ཆེན་གྱི་ད་ལོའི་ཞིང་སྡེའི་བྱ་དགའི་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན་བྱེད་ཚད་བཅུ་ཆའི་དགུ་རུ་བསླེབས་ཡོད།

ཞིང་སྡེའི་བྱ་དགའི་རིང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན་ནི་མཚོ་སྔོན་ཞིང་ཆེན་གྱིས་གསར་སྐྲུན་བྱས་ནས་ལག་བསྟར་བྱས་པའི་དམངས་ཕན་སྲིད་ཇུས་ཡིན་པ་དང་། སྲིད་ཇུས་དེ་ལག་བསྟར་བྱས་པའི་ལོ་གསུམ་ནང་། ཞིང་སྡེའི་མང་ཚོགས་ཀྱི་ཁང་གསར་འཛུགས་སྐྲུན་དང་སྡོད་ཁང་ཇེ་ལེགས་སུ་གཏོང་བའི་ཧུར་བརྩོན་རང་བཞིན་ལ་སྐུལ་འདེད་བྱས་པ་དང་། ད་ལོར་མཚོ་སྔོན་ཞིང་ཆེན་གྱི་བྱ་དགའི་རང་བཞིན་གྱི་སྡོད་ཁང་ཁ་གསབ་རོགས་དངུལ་ཁྱིམ་ཚང་རེར་སྒོར་ཁྲི་གཅིག་དང་སྟོང་བདུན་ལ་ཇེ་མཐོར་བཏང་བ་དང་། འཆར་གཞི་ལྟར་ན་ཞིང་ཆེན་ཡོངས་སུ་ཞིང་སྡེའི་བྱ་དགའི་རང་བཞིན་གྱི་སྡོད་ཁང་ཁྲི་བཞི་འཛུགས་སྐྲུན་བྱེད་རྒྱུ་རེད། ཞིབ་བཤེར་ཚན་ཆུང་གིས་ཞིང་སྡེའི་ཡུལ་དངོས་སུ་སོང་ནས་ཞིབ་བཤེར་བྱེད་པ་དང་ཁང་བ་ལས་བཞིན་པའི་ཞིང་ཁྱིམ་ལ་འཐེན་ཞིབ་བྱེད་པ། ཡིག་ཚགས་ཡིག་ཆ་ལ་བལྟ་བ་དང་མ་དངུལ་དོ་དམ་ཡིག་ཆར་བལྟ་བ། ཞིབ་བཤེར་དང་ལེན་བྱེད་པའི་ཞང་དང་སྡེ་བའི་འགན་ཁུར་མི་སྣ་དང་གྲོས་མོལ་བྱེད་པ་སོགས་ཀྱི་རྣམ་པ་སྤྱད་ནས་ཞིབ་བཤེར་བྱ་བ་སྤེལ། ཞིབ་བཤེར་གྱི་སྤྱིའི་གནས་ཚུལ་ལ་བལྟས་ན། ཞིང་ཆེན་ཡོངས་ཀྱི་ཞིང་སྡེའི་བྱ་དགའི་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན་ཁྲོད་ཀྱི་ཁང་བ་ཁྲི་གསུམ་དང་སྟོང་ལྔ་བདུན་བརྒྱ་བཞི་བཅུ་ལས་མགོ་བརྩམས། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག