མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ན་གོར་མོ་གྲོང་ཁྱེར་གྱིས་རང་ས་གནས་ཀྱི་མང་ཚོགས་དབུལ་ཕོངས་ལས་ཐར་ཏེ་འབྱོར་ཕྱུག་གི་ལམ་དུ་བསྐྱོད་པར་འབད་བརྩོན་བྱས་པ།

རྩོམ་པ་པོ། བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-16 15:55

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ན་གོར་མོ་གྲོང་ཁྱེར་གྱིས་ཞིང་ཕྱུགས་ལས་ཐོན་ལས་ཅན་དུ་འཕེལ་རྒྱས་སུ་གཏོང་བར་ཡར་སྐུལ་བྱེད་པ་དང་། ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ཇེ་བཟང་དུ་གཏོང་བ། དབུལ་ཕོངས་རོང་འབྲོག་པའི་ཡོང་སྒོ་ཇེ་མང་དུ་གཏོང་བའི་བྱ་བ་གནད་སར་བཞག་ནས། བྱེད་ཐབས་མང་པོ་སྤྱད་དེ་དབུལ་སྐྱོར་གསར་སྤེལ་བྱེད་ཤུགས་ཇེ་ཆེར་བཏང་སྟེ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྔོན་ཐོན་ས་ཁུལ་འཛུགས་སྐྲུན་བྱེད་པར་ཡར་སྐུལ་བྱས།

ད་ལོར་ན་གོར་མོ་གྲོང་ཁྱེར་གྱིས་གྲོང་ཁྱེར་ཡོངས་ཀྱི་ལས་ཁུངས་བརྒྱ་དང་སོ་བརྒྱད་དང་སྡེ་བ་ཞེ་བཞིའི་བར་ཁ་གཏད་རོགས་སྐྱོར་འབྲེལ་བ་བཙུགས་ནས། བསྡོམས་པས་མ་དངུལ་སྒོར་མོ་ས་ཡ་གཅིག་དང་འབུམ་དྲུག་ཁྲི་བཞི་སྟོང་དྲུག་ལྷག་བཏང་ནས་མང་ཚོགས་ལ་དོན་བཟང་དྲུག་ཅུ་ལྷག་བསྒྲུབས་པ་དང་། གྲོང་ཁྱེར་ཡོངས་ཀྱི་རྫོང་དཔོན་གཞོན་པ་ཡན་ཆད་ཀྱི་ལས་བྱེད་པ་བརྒྱ་ལྷག་གིས་དཀའ་ཁག་ཅན་གྱི་ཁྱིམ་ཚང་བཞི་བརྒྱ་དང་བཅུར་ཁ་གཏད་རོགས་སྐྱོར་བྱས་པ་མ་ཟད། ཁྱིམ་ཚང་གཅིག་གིས་ཁྱིམ་ཚང་གཅིག་ལ་རོགས་སྐྱོར་བྱེད་པའི་བྱ་འགུལ་སྤེལ་ནས། མ་དངུལ་སྒོར་མོ་འབུམ་གཉིས་དང་ཁྲི་བཞི་ཞལ་འདེབས་སུ་ཕུལ་བ་དང་། ཏང་སྲིད་དམག་གསུམ་དང་ཁེ་ལས་བཅས་ཀྱིས་མཉམ་དུ་དཔེ་སྟོན་སྡེ་བ་འཛུགས་པའི་བྱ་འགུལ་སྤེལ་བ་དང་ཟུང་དུ་སྦྲེལ་ནས། གྲོང་ཁྱེར་ཡོངས་ཀྱི་དམག་ཁུལ་གྱི་དམག་དཔུང་བཅུ་དྲུག་དང་། ཁེ་ལས་རེ་བདུན། གྲོང་ཁྱེར་སྲིད་འཛིན་ལས་དོན་ལས་ཁུངས་ཞེ་ལྔར་སྐུལ་སློང་བྱས་ནས། མ་དངུལ་སྒོར་མོ་ས་ཡ་དགུ་དང་ཁྲི་བཞི་དང་སྟོང་བདུན་བཏང་ནས། ཕྱུགས་ལས་སྡེ་བ་བཅུ་གཅིག་གི་སྤྱི་སྤྱོད་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བྱ་བ་འཐུས་ཚང་དུ་གཏོང་ཤུགས་ཇེ་ཆེར་བཏང་ཞིང་། དབུལ་སྐྱོར་ཁེ་ལས་གཙོ་བོས་མཐའ་འཁོར་གྱི་ཞིང་བ་ཁྱིམ་ཚང་སྟོང་གཅིག་ལྷག་གི་སྣེ་ཁྲིད་དེ་གསོ་སྤེལ་ལས་རིགས་དང་ཞིང་སྡེའི་གནས་སྐོར་ལས་རིགས་སྤེལ་ཏེ་ངལ་རྩོལ་པའི་ཡོང་སྒོ་ཇེ་མང་དུ་བཏང་། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག