མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་པོའི་རྟ་རྒྱུག་དུས་ཆེན་སྐབས་བཞི་བ་སྤེལ་བ།

  ཡོང་ཁུངས། མཚོ་སྔོན་པོ་དྲ་བ།  2013-10-14 10:28

1.jpg

མཚོ་སྔོན་པོའི་རྟ་རྒྱུག་དུས་ཆེན་སྐབས་བཞི་བ་སྤེལ་བ།

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་དཔལ་དགེ་གྲོང་རྡལ་ཏང་ཨུ་དང་མི་དམངས་སྲིད་གཞུང་གིས་གཙོ་བསྒྲུབས་དང་། དཀོན་ལོ་ཚང་ཞོལ་མ་སྡེ་བས་འགན་བསྒྲུབས་བྱས་པའི་མཚོ་སྔོན་པོ(དཔལ་དགེ་གྲོང་རྡལ)རྟ་རྒྱུག་དུས་ཆེན་སྐབས་བཞི་བ་དེ་མཛེས་སྡུག་ལྡན་པའི་དཀོན་ལོ་ཚང་ཞོལ་མའི་རྩྭ་ཐང་དུ་སྤེལ། ཐེངས་འདིའི་འགྲན་སྡུར་དུ་རྟ་རྒྱུག་འགྲན་སྡུར་དང་། ཐག་འཐེན་འགྲན་སྡུར། བྱེ་སྒྱེ་འདེགས་པ་སོགས་རྣམ་གྲངས་དུ་མ་འདུས་ཤིང་། དཀོན་ལོ་ཚང་ཞོལ་མ་སྡེ་བ་དང་། ཚ་ལ་སྡེ་བ། དཔོན་ཚང་ཞོལ་མ་སྡེ་བ་བཅས་ཀྱིས་ཐག་འཐེན་འགྲན་སྡུར་དུ་བྱ་དགའ་ཨང་གསུམ་པ་བླངས་པ་དང་། ཚ་ལ་སྡེ་བའི་བློ་མཐུན་སྙིང་ལོ་སོགས་ཀྱིས་རྟ་རྒྱུག་འགྲན་སྡུར་དུ་བྱ་དགའ་བླངས། དཀོན་ལོ་ཚང་ཞོལ་མ་སྡེ་བའི་རྡོ་བརྟན་རྒྱལ་སོགས་ལ་རྟའི་འགྲོས་རྩལ་འགྲན་སྡུར་དུ་བྱ་དགའ་ཐོབ་ལ། དཀོན་ལོ་ཚང་ཞོལ་མ་སྡེ་བའི་མཚོ་རྒྱལ་སོགས་ལ་བྱེ་སྒྱེ་འདེགས་པའི་འགྲན་སྡུར་དུ་བྱ་དགའ་ཐོབ།  ཐེངས་འདིའི་རྟ་རྒྱུག་འགྲན་སྡུར་བདེ་བླག་ངང་སྤེལ་བ་ལས་མཚོ་སྐོར་ས་ཁུལ་དང་མཚོ་བྱང་ཁུལ་གྱི་མི་རིགས་སོ་སོའི་མཛའ་བརྩེ་སྔར་ལས་ཇེ་ཟབ་དང་། བོད་རིགས་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བའི་ཐད་ལ་སྐུད་འདེད་ཀྱི་ནུས་པ་ཆེན་པོ་ཐོན། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག