མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཀྲང་ཅན་མེན་གྱིས་ཟི་ལིང་ཁོར་ཡུག་སྲུང་སྐྱོབ་ཅུའུ་ཡི་གཞུང་དོན་གྱི་ཆེད་དུ་རང་སྲོག་བློས་བཏང་བའི་འདས་པོའི་ཁྱིམ་མི་དང་རྨས་ཕོག་པའི་ལས་བཟོ་བར་འཚམས་འདྲི་བྱས་པ།

རྩོམ་པ་པོ། རིན་ཆེན་མཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-14 10:20

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ10བའི་ཚེས13ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཀྲང་ཅན་མེན་གྱིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་གཞུང་དོན་གྱི་ཆེད་དུ་རང་སྲོག་བློས་བཏང་བའི་ཟི་ལིང་གྲོང་ཁྱེར་ཁོར་ཡུག་སྲུང་སྐྱོབ་ཅུའུ་ཁོར་ཡུག་གདེང་འཇོག་ཁྲུའུ་ཡི་ཁྲུའུ་ཀྲང་ཧི་ཅན་ཀོ་ཡི་ཁྱིམ་དུ་སོང་ནས། འདས་པོའི་ཁྱིམ་མི་ལ་འཚམས་འདྲི་བྱས་པར་མ་ཟད། སོ་སོར་སྨན་ཁང་གསུམ་དུ་ནད་གསོ་བྱེད་བཞིན་པའི་གཞུང་དོན་གྱི་ཆེད་དུ་རྨས་ཕོག་པའི་ཟི་ལིང་གྲོང་ཁྱེར་ཁོར་ཡུག་སྲུང་སྐྱོབ་ཅུའུ་ཡི་ལས་བཟོ་བ་གསུམ་ལ་བལྟ་བར་སོང་ནས། ཁོ་ཚོར་སེམས་བདེ་མོའི་ངང་ནད་གསོ་བྱེད་པ་དང་སྔ་མོ་ནས་ལུས་ཕུང་བདེ་ཐང་ཡོང་བའི་སྨོན་འདུན་ཞུས།

སྤྱི་ཟླ10བའི་ཚེས9ཉིན་གྱི་སྔ་དྲོའི་དུས་ཚོད་བཅུའི་སྟེང་ཧི་ཅན་ཀོ་དང་ལས་རོགས་གསུམ་རླངས་འཁོར་ལ་བསྡད་དེ་ནན་ཁྲོན་བཟོ་ལས་ཁུལ་དུ་སོང་ནས་མཁའ་དབུགས་བཙོག་བཟོའི་བཅོས་སྐྱོང་བྱ་བར་ཞིབ་བཤེར་བྱས་རྗེས། སྐུ་འབུམ་ནས་ཟི་ལིང་བར་གྱི་མྱུར་བགྲོད་གཞུང་ལམ་བརྒྱུད་དེ་ཕྱིར་ཟི་ལིང་དུ་ལོག་སྐབས། ཁོ་ཚོའི་རྗེས་སུ་ཡོད་པའི་ཟེགས་མ་དྲུད་པའི་རླངས་འཁོར་ཆེན་པོ་ཞིག་ཚོད་འཛིན་དང་བྲལ་ནས་ཁོ་ཚོའི་རླངས་འཁོར་ལ་བརྡུངས་པས། ཁོ་ཚོའི་རླངས་འཁོར་ཁ་ལོ་འཁོར་ཏེ་ལམ་འོག་ཏུ་ལྷུང་། ཧི་ཅན་ཀོ་ཡུལ་དངོས་ནས་ཚེ་ལས་འདས་པ་དང་། རླངས་འཁོར་གཅིག་གི་ནང་བསྡད་ཡོད་པའི་ཟི་ལིང་གྲོང་ཁྱེར་ཁོར་ཡུག་ལྟ་ཞིབ་ཡན་ལག་རུ་ཁག་གི་རུ་གཙོ་གཞོན་པ་ཧྥང་སི་ཀོང་ལ་རྨས་ལྗིད་མོ་ཕོག། ལས་བྱེད་མི་སྣ་ཉེ་ཞའོ་ལིན་དང་ཁ་ལོ་བ་ཧི་ཡུས་ཧྭ་གཉིས་ལ་ཡང་རྨས་ཕོག་ནས་སྨན་ཁང་དུ་བསྐྱལ་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག