མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཁྲི་ཀ་རྫོང་གིས་མ་དངུལ་སྒོར་ཁྲི་བརྒྱ་ལྷག་བཏང་ནས་མེ་སྐྱོན་སྔོན་འགོག་གི་རྨང་གཞི་སྒྲིག་ཆས་ལེགས་བཅོས་བྱས་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2013-10-14 10:20

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་མཁར་གྱི་མེ་གསོད་སྔོན་འགོག་གི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་ལེགས་བཅོས་བྱེད་པ་དང་། ཤུགས་ཆེན་པོས་མེ་སྐྱོན་སྔོན་འགོག་གི་ནུས་པ་ཇེ་མཐོར་གཏོང་ཆེད། ད་ལོའི་ཚུན་ནས་བཟུང་། ཁྲི་ཀ་རྫོང་གིས་མ་དངུལ་སྒོར་ཁྲི་བརྒྱ་ལྷག་བཏང་ནས་རྫོང་ཡོངས་ཀྱི་མཁར་གྲོང་གི་གཞུང་ལམ་དུ་མེ་གསོད་སྔོན་འགོག་ཆུ་སྦུག8བཙུགས་ནས་རྙོག་འཛིང་གི་ཆ་རྐྱེན་འོག་ཏུ་མེ་གསོད་ཆུ་ཁུངས་ཀྱི་དགོས་མཁོ་བསྐངས་ཏེ། སྔར་ལས་ལེགས་པའི་སྒོ་ནས་མེ་གསོད་རྒུད་སྐྱོབ་ཀྱི་ལས་འགན་ལ་ཆུ་འདོན་པའི་དགོས་མཁོ་མངོན་འགྱུར་བྱས།

ཉེ་བའི་ལོ་འགའི་རིང་། ཁྲི་ཀ་རྫོང་གི་དཔལ་འབྱོར་མགྱོགས་མྱུར་ངང་འཕེལ་རྒྱས་སུ་སོང་བ་དང་གནས་སྐོར་ལས་རིགས་འཕེལ་རྒྱས་སུ་སོང་བ་དང་བསྟུན་ནས། མེ་སྐྱོན་སྣ་ཚོགས་འབྱུང་བའི་གནས་བབ་ཇེ་མང་དུ་སོང་ལ། ད་ལྟ་ཡོད་པའི་མེ་གསོད་ཆུ་ཁུངས་ཀྱིས་མེ་གསོད་རྒུད་སྐྱོབ་ལས་འགན་གྱི་དགོས་མཁོ་སྐོང་ཐུབ་མེད། ཁྲི་ཀ་རྫོང་མེ་གསོད་སྔོན་འགོག་རུ་ཁག་གིས་ཞིབ་འཇུག་བྱས་རྗེས། མེ་གསོད་སྔོན་འགོག་ཆུ་སྦུག་ནི་བྱང་ཕྱོགས་ས་ཁུལ་གྲོང་ཁྱེར་གྱི་མེ་གསོད་ཆུ་འདོན་སྒྲིག་ཆས་ལ་འཚམ་ཤིང་། དགུན་དུས་སུ་གྲང་འཁྱག་སྔོན་འགོག་གི་ནུས་པ་དང་འཚོལ་སླ་བ། ཆུ་འདོན་ཚད་ཆེ་བ། གྲོང་ཁྱེར་མཛེས་སྤྲས་སོགས་ཀྱི་ཁྱད་ཆོས་ལྡན་པས་ཁྲི་ཀ་རྫོང་དུ་འཛུགས་སྐྲུན་བྱེད་པར་འཚམ་པ་རྟོགས། བསམ་འཆར་འདི་ལ་ཁྲི་ཀ་རྫོང་སྲིད་གཞུང་གིས་དང་ལེན་དང་ཤུགས་ཆེན་པོས་རོགས་སྐྱོར་ཐོབ། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག