མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཝང་ཞའོ་ཡིས་དགུ་བའི་ཚེས་དགུའི་དུས་ཆེན་གྱི་སྔོན་དུ་ཟི་ལིང་གྲོང་ཁྱེར་གྱི་ལོ་ལོན་ལ་འཚམ་འདྲི་བྱས་པ།

རྩོམ་པ་པོ། ལོ་ཙཱ་བ། རིན་ཆེན་མཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།  2013-10-12 10:57

ཀྲུང་གོའོི་བོད་ཀྱི་དྲ་བའི་འཕྲིན།  སྤྱི་ཟླ10བའི་ཚེས13ཉིན་ནི་དགུ་བའི་ཚེས་དགུའི་དུས་ཆེན་ཡིན་པ་དང་། གསར་དུ་དག་བཅོས་བྱས་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལོ་ལོན་གྱི་ཁེ་དབང་འགན་སྲུང་བཅའ་ཁྲིམས་ལག་བསྟར་བྱས་རྗེས་ཀྱི་ཁྲིམས་བཀོད་ལོ་ལོན་དུས་ཆེན་དང་པོ་ཡང་ཡིན་པས། ཚེས11ཉིན་གྱི་ཕྱི་དྲོར། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ། ཞིང་ཆེན་ལོ་ལོན་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཞའོ་ཟི་ལིང་གྲོང་ཁྱེར་གྱི་དགུང་ལོ་མཐོ་བའི་ལོ་ལོན་དང་དབུལ་ཕོངས་ལོ་ལོན། བདག་མེད་ལོ་ལོན་བཅས་ལ་འཚམ་འདྲི་བྱེད་དུ་སོང་ནས། ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་ལོ་ལོན་རྣམས་ལ་འཚམ་འདྲིའི་སྒོར་མོ་བྱིན་པར་མ་ཟད། ལོ་ལོན་རྣམས་ཀྱི་ལུས་ཕུང་བདེ་ཞིང་ཚེ་ཐག་རིང་བ་དང་། འཚོ་བར་བདེ་སྐྱིད་ལྡན་པའི་སྨོན་འདུན་ཞུས།

ཝང་ཞའོ་ཡིས་ནན་གྱིས་བསྟན་དོན། ལོ་ལོན་ནི་རྒྱལ་ཁབ་ཀྱི་རྒྱུ་ནོར་ཡིན་པས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ལོ་ལོན་གྱི་བྱ་བར་མཐོང་ཆེན་ཆེན་པོ་བྱས་ཏེ། སྲིད་ཇུས་རབ་དང་རིམ་པ་བཏོན་ནས་ལོ་ལོན་གྱི་བྱ་བར་འགན་སྲུང་བྱས། རྒན་གསོ་བྱ་བ་འཕེལ་རྒྱས་སུ་གཏོང་བ་དང་། སྲིད་གཞུང་གི་སྣེ་ཁྲིད་གཙོ་བོར་བྱེད་པ་དང་སྤྱི་ཚོགས་ཁྲོད་ཞུགས་པ་རྒྱུན་འཁྱོངས་བྱེད་པ། ཁྱིམ་ཚང་གི་རྒན་གསོ་རྨང་གཞི་དང་། སྡོད་ཁུལ་གྱི་རྒན་གསོ་རྒྱབ་རྟེན། ལས་ཁུངས་ཀྱི་རྒན་གསོ་བྱ་བར་ཤུགས་སྣོན་བྱས་ཏེ། སྣ་མང་རང་བཞིན་གྱི་རྒན་གསོ་ཞབས་ཞུ་མ་ལག་བཙུགས་ནས། མི་འདྲ་བའི་ལོ་ལོན་ཚོའི་དགོས་མཁོ་སྐོང་དགོས་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག