མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་སྐབས་བཅུ་གཅིག་པའི་རྒྱུན་ལས་གྲོས་ཚོགས་ཐེངས་བཞི་བ་ཟི་ལིང་ནས་ཚོགས་པ།

རྩོམ་པ་པོ། ལོ་ཙཱ། བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།  2013-10-12 10:57

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་སྐབས་བཅུ་གཅིག་པའི་རྒྱུན་ལས་གྲོས་ཚོགས་ཐེངས་བཞི་བ་སྤྱི་ཟླ10བའི་ཚེས10ནས་ཚེས11ཉིན་བར་ཟི་ལིང་ནས་ཚོགས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རིན་ཆེན་རྒྱལ་དང་། ཀྲུའུ་ཞི་གཞོན་པ་ཁྲིན་ཙི་ཆོན། པོ་དབྱི་ཀྲི། རིན་ཆེན་རྣམ་རྒྱལ། མཱ་ཀྲི་བེ། ལིས་ཞོན་ཧྲིན། ཅི་རིན་ཧྥུན། གཟིམ་ཁང་ཚང་དང་། དྲུང་ཡིག་ཆེན་མོ་ཝང་ཅིན་དང་དེ་མིན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲུབ་པའི་མི་རེ་གཅིག་གྲོས་ཚོགས་སུ་ཞུགས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་བསྟན་ཁོ་དང་། ཧྲིན་ཀྲང་གཞོན་པ་ཀྲིན་ལིས་དཔའ་གཉིས་གདན་དྲངས་བ་ལྟར་གྲོས་ཚོགས་སུ་ཞུགས།

གྲོས་ཚོགས་ནས་ལས་ཞུགས་བྱ་བར་དམིགས་ནས་ཆེད་དོན་གྲོས་བསྡུར་བྱ་བ་ཡར་སྐུལ་བྱས། ཚོགས་ཐོག་ནས་ཁྲིན་ལིས་དཔའ་ཡིས་ཞིང་ཆེན་ཡོངས་ཀྱི་ལས་ཞུགས་གནས་ཚུལ་ཁྱབ་བསྒྲགས་བྱས་པ་དང་། པོ་དབྱི་ཀྲི་དང་ཅི་རིན་ཧྥུན་གཉིས་ཀྱིས་སོ་སོར་ཤུགས་ཆེན་པོས་ལས་རིགས་སློབ་གསོ་འཕེལ་རྒྱས་སུ་བཏང་ནས། ངལ་རྩོལ་པའི་ལས་ཞུགས་ནུས་པ་ཇེ་མཐོར་གཏོང་དགོས་པ་དང་། དམངས་གཙོ་གྲོས་བསྡུར་གྱི་ཐབས་ལམ་གཙོ་བོའི་ནུས་པ་འདོན་སྤེལ་བྱས་ནས་དཀའ་ཁག་མང་ཚོགས་ལས་ཀར་ཞུགས་པར་རོགས་སྐྱོར་བྱ་འགུལ་སྤེལ་དགོས་པའི་སྐོར་གྱི་སྙན་ཞུའི་ཆེད་དོན་གཏམ་བཤད་སྤེལ། ཞིང་ཆེན་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན། དམངས་གཙོ་ཏང་ཁག་སོ་སོའི་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཁུལ་དང་གྲོང་ཁྱེར། རྫོང་སྲིད་གྲོས་ཁ་ཤས་ཀྱིས་རང་སོ་སོའི་དོན་དངོས་དང་ཟུང་དུ་སྦྲེལ་ནས། ལས་ཞུགས་བྱ་བ་ཡར་སྐུལ་བྱེད་པའི་ཁྲོད་དུ་ཅི་ལྟར་ནུས་པ་འདོན་དགོས་པའི་ཐད་ལ་གཏམ་བཤད། ཚོགས་འདུར་ཞུགས་པའི་བློ་མཐུན་རྣམས་ཀྱིས་གྲོས་ཚོགས་ཀྱི་བརྗོད་བྱ་གཙོ་བོར་དམིགས་ནས་ཚན་ཁག་བགོས་ཏེ་ནན་ཏན་སྒོས་གྲོས་ཞིབ་བྱས་པ་མ་ཟད་བསམ་འཆར་དང་གྲོས་གཞི་གལ་ཆེན་བཏོན། ཨུ་ཡོན་རྣམས་ཀྱིས་བལྟས་ན། གོ་རིམ་རྗེས་མར་ཞིང་ཆེན་སྲིད་གྲོས་ཀྱིས་མུ་མཐུད་དུ་དཀའ་ཁག་ཅན་གྱི་མང་ཚོགས་ལས་ཀར་ཞུགས་པར་རོགས་སྐྱོར་བྱེད་པའི་བྱ་འགུལ་སྤེལ་ནས་གྲུབ་འབྲས་ཇེ་བརྟན་དུ་གཏོང་དགོས་པ་དང་། ཉམས་མྱོང་སྤྱི་བསྡོམས་བྱས་ནས། མི་དམངས་སྲིད་གྲོས་ཀྱིས་མི་དམངས་ལ་ཞབས་འདེགས་ཞུ་བའི་བསམ་ཕྱོགས་དང་བྱེད་ཐབས་མང་པོ་བཏོན་པ་དང་།མང་ཚོགས་ཀྱིས་སེམས་ཁུར་བྱེད་པའི་གནད་དོན་ལ་དམིགས་ཏེ། རྟོག་ཞིབ་བྱ་བ་སྤེལ་དགོས་པ་དང་། མང་ཚོགས་ཀྱིས་བཏོན་པའི་བསམ་འཆར་དང་རེ་བ་དང་དུ་བླངས་ནས། མི་དམངས་སྲིད་གྲོས་ཀྱིས་དམངས་གཙོའི་ཐབས་ལམ་གཙོ་བོར་གྲོས་བསྡུར་བྱེད་པར་ནུས་པ་གལ་ཆེན་འདོན་དགོས་སྙམ།

གྲོས་ཚོགས་ནས་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་གསུམ་པའི་ཚུན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་གནས་ཚུལ་ཁྱབ་བསྒྲགས་བྱས་པ་དང་། འབྲེལ་ཡོད་དོན་དག་གཞན་དག་རྣམས་ལ་གྲོས་འཆམ་བྱུང་།

གྲོས་ཚོགས་གྲོས་རྗེས། རིན་ཆེན་རྒྱལ་གྱིས་མི་དམངས་སྲིད་གྲོས་ཀྱིས་ཅི་ལྟར་སྔར་ལས་བཟང་བོའི་སྒོ་ནས་འགན་ནུས་ལག་བསྟར་བྱེད་དགོས་པའི་ཐད་ལ་གཏམ་བཤད།  །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག