མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཧའོ་ཕིན་གྱིས་མགོ་འཛིན་བྱས་ཏེ་ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་བསྡུས་པ།

རྩོམ་པ་པོ། ལོ་ཙཱ་བ། རིན་ཆེན་མཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།  2013-10-12 10:57

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ10བའི་ཚེས11ཉིན། ཧྲིན་ཀྲང་ཧའོ་ཕིན་གྱིས་མགོ་འཛིན་བྱས་ཏེ་ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་ཐེངས་བཅོ་ལྔ་བ་བསྡུས་ཏེ། ཉེ་དུས་ཀྱི་སྲིད་གཞུང་བྱ་བར་ཞིབ་འཇུག་དང་། དུས་ཚིགས་སྔོན་མ་གསུམ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གནས་ཚུལ་ལ་དབྱེ་ཞིབ་བྱས་པ་དང་། ཤུགས་ཆེན་པོས་དུས་ཚིགས་བཞི་བའི་བྱ་བ་བཟང་བོར་བསྒྲུབ་ནས་དམིགས་འབེན་ལས་འགན་སྣ་ཚོགས་ཡོངས་འགྲུབ་བྱེད་པར་བརྩོན་ལེན་བྱེད་དགོས་པ་ནན་གྱིས་བསྟན།

ད་ལོའི་ཚུན་ལ། དཔལ་འབྱོར་ཁོར་ཡུག་རྙོག་འཛིང་ཆེ་བའི་གནས་ཚུལ་འོག ཞིང་ཆེན་གྱི་གོང་འོག་ཚང་མས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱས་ཏེ། གཏན་འཇགས་ཀྱི་ཁྲོད་ནས་ཡར་ཐོན་བརྩོན་ལེན་དང་བཟང་བོའི་ཁྲོད་ནས་མགྱོགས་ཚད་བརྩོན་ལེན་བྱེད་པ་རྒྱུན་འཁྱོངས་བྱས་པ་དང་། བརྟན་བརླིང་འཕེལ་རྒྱས་འབུར་དུ་ཐོན་པ་དང་། སྒྲིག་སྲོལ་ལེགས་སྒྲིག་དང་བཅོས་བསྒྱུར་ལ་སྐུལ་འདེད། དམངས་འཚོར་ཕན་ཁེ་བསྐྲུན་པ་བཅས་བྱས་ཏེ། དཔལ་འབྱོར་བརྟན་བརླིང་ངང་འཕེལ་རྒྱས་དང་བཅོས་བསྒྱུར་གཏིང་ཟབ་སྤེལ་བ། དམངས་འཚོ་མུ་མཐུད་ནས་ཇེ་ལེགས་སུ་གཏོང་བ། སྤྱི་ཚོགས་འཆམ་མཐུན་གཏན་འཇགས་བཅས་ཐད་ཀྱི་གྲུབ་འབྲས་གསར་བ་བླངས་བ་དང་། བརྟན་བརླིང་འཕེལ་རྒྱས་དང་སྒྲིག་སྲོལ་ལེགས་སྒྲིག་གཉིས་སྔར་ལས་གཅིག་གྱུར་དང་། འཕེལ་རྒྱས་ལ་སྐུལ་འདེད་དང་དམངས་འཚོར་ཕན་འདོགས་པ་གཉིས་སྔར་ལས་གཅིག་གྱུར། མིག་མདུན་གྱི་བྱ་བ་དམ་འཛིན་དང་ཡུན་རིང་ལ་ཇུས་འགོད་བྱེད་པ་གཉིས་སྔར་ལས་གཅིག་གྱུར་བྱེད་པ་མངོན་འགྱུར་བྱས། དེ་དང་མཉམ་དུ། འཕེལ་རྒྱས་ལ་བཀག་འགོག་བྱེད་པའི་རྒྱུ་རྐྱེན་དང་དཀའ་ཁག་ཀྱང་མི་ཉུང་བ་ཡོད་པས། དོ་སྣང་ཚད་མཐོན་པོ་དང་ནན་ཏན་གྱིས་ཐག་གཅོད་བྱེད་དགོས། དེའི་རྐྱེན་གྱིས་ཞིང་ཆེན་སྲིང་གཞུང་གིས་ཆེད་དུ་དགུན་དུས་ཀྱི་བྱ་བ་གཙོ་བོ་བཟང་བོར་བསྒྲུབ་པའི་ཐད་ནས་སྐུལ་སློང་བྱས་པར་མ་ཟད། བླང་བྱ་གསལ་བོ་བཏོན།

གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། ནན་ཏན་གྱིས་ད་ལོའི་བྱ་བར་སྤྱི་བསྡོམས་བྱེད་པའི་རྨང་གཞིའི་སྟེང་། སྤྱི་ཁོག་གི་གནས་བབ་ལ་དབྱེ་ཞིབ་གཏིང་ཟབ་བྱེད་པ་དང་། སང་ལོའི་བྱ་བར་ཞིབ་འཇུག་དང་ཇུས་འགོད་བྱས་ནས། སྤྱིའི་བསམ་ཕྱོགས་དང་སྔོན་དཔོག་གི་དམིགས་འབེན། ལས་འགན་གཙོ་བོ། ལས་གཞི་གཙོ་བོ། དམངས་འཚོའི་དོན་དངོས་དང་སྲིད་ཇུས་བྱེད་ཐབས་འདོན་པ་དང་། ལྷག་པར་དུ་གསར་སྐྲུན་རང་བཞིན་དང་ཁ་གཏད་རང་བཞིན། བཀོལ་སྤྱོད་བྱེད་ཆོག་པའི་རང་བཞིན་བཅས་ལ་ཤུགས་སྣོན་བྱས་ཏེ། སང་ལོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་བཏང་ནས་གྲུབ་འབྲས་གསར་བ་ལེན་པར་འགན་སྲུང་བྱེད་དགོས་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག