མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཀྲུའུ་རིན་གྲོས་ཚོགས་ཐེངས17པ་བསྡུས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-11 10:47

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ10བའི་ཚེས10ཉིན། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཀྲུའུ་རིན་གྲོས་ཚོགས་ཐེངས17པ་བསྡུས་པ་དང་། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་མུའུ་ཏུང་ཧྲིན་དང་སྟག་འབུམ་ཐར། དབང་མོ། ཚའོ་ཧོང་། དྲུང་ཡིག་ཆེན་མོ་ཚའེ་ཏི་ཀོས་བཅས་གྲོས་ཚོགས་ལ་ཞུགས་པ་དང་། མུའུ་ཏུང་ཧྲིན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས།

གྲོས་ཚོགས་སྟེང་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཐིན་གྱིས་ཞིང་ཆེན་སྐབས་བཅུ་གཉིས་པའི་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བདུན་པའི་བསམ་འཆར་གྲོས་དོན་དང་གྲོས་ཚོགས་ཀྱི་དུས་ཚོད་བཀོད་སྒྲིག་ཐད་ནས་གྲོས་མོལ་བྱས་པར་མ་ཟད། འབྲེལ་ཡོད་སྡེ་ཁག་གིས་གྲོས་ཚོགས་ཀྱི་བསམ་འཆར་གྲོས་དོན་ཐད་ཀྱི་གྲ་སྒྲིག་གནས་ཚུལ་གྱི་སྙན་ཞུ་ལ་ཉན། གྲོས་ཚོགས་སྟེང་ད་དུང་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་མཚོ་སྔོན་ཞིང་ཆེན་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་རྩ་གནད་ལག་བསྟར་བྱེད་པའི་བར་སྐབས་ཀྱི་གདེང་འཇོག་སྙན་ཞུ་དང་ཞིང་ཆེན་ཡོངས་ཀྱི་ན་གཞོན་དར་མའི་ཡིག་རྨོངས་ཕལ་ཆེན་སེལ་བ་དང་། ལོ་དགུའི་འོས་འགན་སློབ་གསོ་ཕལ་ཆེར་ཁྱབ་བརྡལ་དུ་གཏོང་བ་སྲ་བརྟན་དུ་གཏོང་བའི་བྱ་བའི་གནས་ཚུལ་གྱི་སྙན་ཞུ། མཚོ་སྔོན་ཞིང་ཆེན་གཏེར་ཁུངས་གལ་ཆེན་གྱི་སྡེབ་སྒྲིག་བྱ་བའི་གནས་ཚུལ་གྱི་སྙན་ཞུ་བཅས་ཐད་ཀྱི་གྲོས་ཞིབ་བསམ་འཆར་ལ་གྲོས་བསྡུར་བྱས་པ་དང་། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཐིན་གྱིས་ཞིང་ཆེན་སྐབས་བཅུ་གཉིས་པའི་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པའི་བསམ་འཆར་གྲོས་དོན་དང་ཉེན་རེའི་ལས་རིམ་ཐད་ཀྱི་བཀོད་སྒྲིག་ལ་ཞིབ་འཇུག་དང་། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཐིན་གྱིས་ཞིང་ཆེན་སྐབས་བཅུ་གཉིས་པའི་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པ་དང་འབྲེལ་ཡོད་གནད་དོན་ཐད་ཀྱི་ཡར་ཞུ་དོན་ཚན་ལ་གྲོས་བསྡུར་བྱས་པར་མ་ཟད། 2013ལོའི་ཞིང་ཆེན་དང་གྲོང་ཁྱེར། ཁུལ་བཅས་ཀྱི་དམངས་འཐུས་ཚོགས་ཆེན་གྱི་ཀྲུའུ་རིན་གྲོས་ཚོགས་ཀྱི་ཉིན་རེའི་ལས་རིམ་དང་གྲོས་རིམ་གཏན་ཁེལ་བྱས།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག