མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ན་གོར་མོ་གྲོང་ཁྱེར་གྱིས་རྣམ་པ་གསར་བའི་ཞིང་སྡེའི་སྡོད་ཁུལ་འཛུགས་སྐྲུན་བྱེད་པའི་ཐད་ལ་མ་དངུལ་སྒོར་མོ་བྱེ་བ་ལྔ་བཏང་བ།

རྩོམ་པ་པོ། ལོ་ཙཱ། བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།  2013-10-10 11:10

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ན་གོར་མོ་གྲོང་ཁྱེར་གོ་ལེ་མོ་ཏི་གྲོང་རྡལ་ནས་རྣམ་པ་གསར་བའི་ཞིང་སྡེ་སྡོད་ཁུལ་གྱི་ཚོད་ལྟ་ས་ཁུལ་འཛུགས་རྒྱུ་གཏན་ལ་ཕབ་པའི་ཚུན་ལ། ན་གོར་མོ་གྲོང་ཁྱེར་ཏང་ཨུས་ཞི་ཨན་གྲོང་ཁྱེར་ཨར་ལས་བཟོ་སྐྲུན་ཚན་རྩལ་སློབ་གྲྭ་ཆེན་མོས་སྒྲིག་སྦྱོར་བྱས་ནས་ཡོངས་འགྲུབ་བྱས་པའི་ན་གོར་མོ་གྲོང་ཁྱེར་གོ་ལེ་མོ་ཏི་གྲོང་རྡལ་ནས་རྣམ་པ་གསར་བའི་ཞིང་སྡེའི་སྡོད་ཁུལ་འཛུགས་པའི་འཆར་འགོད་དེར་དཔྱད་ཞིབ་གྲོས་འཆམ་བྱུང་བ་མ་ཟད་ལས་གཞི་དེའི་ལག་བསྟར་ཇུས་གཞི་གཏན་ལ་ཕབ་པ་དང་། རྣམཔ་གསར་བའི་ཞིང་སྡེའི་སྡོད་ཁུལ་འཛུགས་སྐྲུན་བྱེད་པའི་མཛུབ་སྟོན་བསམ་བློ་དང་དམིགས་འབེན་ལས་འགན། འཛུགས་སྐྲུན་ནང་དོན་དང་འབྲེལ་ཡོད་ལས་ཁུངས་ཀྱི་འགན་ཁུར་གཏན་ལ་ཕབ།

ལས་གཞི་དེར་སྤྱིའི་མ་དངུལ་སྒོར་མོ་བྱེ་བ་ལྔ་ལྷག་གཏོང་རྩིས་ཡོད་པ་དང་། སྡོད་ཁུལ་གྱི་ཞབས་ཕྱི་ལྟེ་གནས་དང་། སྤྱོད་ཁང་། གད་སྙིགས་ཕོད་ས། བཙོག་ཆུ་ཐག་གཅོད་སའི་བཟོ་གྲྭ་དང་། གཞུང་ལམ་ལས་སའི་ཐད་ལ་མ་དངུལ་སྒོར་མོ་བྱེ་བ་གཉིས་དང་ས་ཡ་གཅིག་ལྷག་གཏོང་རྒྱུ་ཡིན་པ་དང་། འཛུགས་སྐྲུན་ལས་འགན་ཕལ་ཆེར་ཉིས་སྟོང་བཅུ་བཞི་ལོར་ཡོངས་འགྲུབ་བྱེད་རྒྱུ་རེད། མ་དངུལ་སྒོར་མོ་བྱེ་བ་གསུམ་ལྷག་བཏང་ནས་སྡོད་ཁང་དང་། གསོ་འདེབས་རྟེན་གཞི། ཉྭ་གསོ་ས་སོགས་ཐད་ལ་བཀོལ་ཏེ། ས་དེའི་དེང་རབས་ཞིང་ལས་ཀྱི་གསོ་སྤེལ་དང་མི་རིགས་ཁྱད་ཆོས་ཀྱི་ཐོན་ལས་རྣམ་པ་དང་རྣམ་པ་གསར་བའི་ཞིང་སྡེའི་སྡོད་ཁུལ་འཛུགས་སྐྲུན་བྱེད་རྒྱུ་རེད།།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག