མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

གཅིག་སྒྲིལ་རྫོང་སློབ་གསོ་ཁོངས་གཏོགས་ཀྱིས་ཞིང་ཆེན་ནང་ཁུལ་དང་ཁ་གཏད་རོགས་སྐྱོར་བྱས་ནས་ཕན་འབྲས་ཅུང་བཟང་བོ་བླངས་བ།

རྩོམ་པ་པོ། ལོ་ཙཱ། བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།  2013-10-10 11:10

  ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ་མཚོ་སྔོན་ཞིང་ཆེན་གཙང་གསུམ་འབྱུང་ཡུལ་མི་རིགས་སློབ་འབྲིང་དང་ཟི་ལིང་གྲོང་ཁྱེར་མཁར་དཀྱིལ་ཆུའུ་སློབ་གསོ་ཅུའུ་གཉིས་ཀྱིས་ཞིང་ཆེན་སློབ་གསོ་ཐིན་དང་། ཞིང་ཆེན་ནོར་སྲིད་ཐིན། ཞིང་ཆེན་སྤྱི་ཚོགས་འགན་སྲུང་ཐིན་བཅས་ཀྱིས་བཀོད་པའི་མཚོ་སྔོན་ཞིང་ཆེན་མཚོ་ཤར་ས་ཁུལ་གྱི་སློབ་གྲྭ་འབྲིང་ཆུང་གིས་མཚོ་སྔོན་ལྷོ་ཕྱོགས་ས་ཁུལ་གྱི་སློབ་གསོའི་བྱ་བར་ཁ་གཏད་རོགས་སྐྱོར་བྱེད་པའི་ལག་བསྟར་ཇུས་གཞིའི་བསམ་བློ་ལྟར། སྔ་གཞུག་ཏུ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་མི་རིགས་སློབ་གསོའི་བྱ་བར་ཡུལ་དངོས་ནས་རྟོག་ཞིབ་བྱས་པ་མ་ཟད། དགེ་རྒན་སྐོར་ཞིག་རྫོང་མི་རིགས་སློབ་འབྲིང་དུ་མངག་ཏེ་སློབ་གསོའི་ཐད་ལ་རོགས་རམ་བྱས་པ་དང་།སློབ་འབྲིང་དེའི་སློབ་གཙོ་དང་མགོ་ཁྲིད་ལས་བྱེད་པ་དང་བརྗེ་རེས་བྱས་པ། ཆ་འཕྲིན་ལག་རྩལ་སློབ་གསོའི་ཐད་ནས་རོགས་སྐྱོར་བཅས་བྱས་ནས། ཁ་གཏད་རོགས་སྐྱོར་བྱེད་ཡུན་རིང་བའི་ནང་རྐྱེན་འཛུགས་པ་སོགས་ཕྱོགས་ལྔའི་ཐད་ནས་བཞུགས་མོལ་བྱས།

གཅིག་སྒྲིལ་རྫོང་སློབ་གསོའི་ཁོངས་གཏོགས་ཀྱིས་ཞིང་ཆེན་ནང་ཁུལ་གྱི་ཁ་གཏད་རོགས་སྐྱོར་བྱ་བ་སྤེལ་བ་དེས། རྫོང་དེའི་སློབ་གྲྭ་སོ་སོའི་དོ་དམ་ཆུ་ཚད་ཇེ་མཐོར་གཏོང་བ་དང་། གཅིག་སྒྲིལ་རྫོང་གི་སློབ་གསོའི་སྤུས་ཚད་སྔར་ལས་ཇེ་མཐོར་གཏོང་བར་དགེ་མཚན་ལྡན་པའི་ནུས་པ་ཐོན།།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག