མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཐུན་ཏེ་རྫོང་གི་དབུལ་ཕོངས་སྡེ་བ་ཞེ་བདུན་གྱིས་རང་གི་ཁྱད་ཆོས་ཅན་ལྡན་པའི་ཞིང་ཕྱུགས་ཐོན་རྫས་གསར་སྐྲུན་བྱས་ཏེ་དབུལ་ཕོངས་མང་ཚོགས་ཀྱི་ཡོང་སྒོ་ཇེ་མང་དུ་བཏང་བ།

རྩོམ་པ་པོ། ལོ་ཙཱ་བ། རིན་ཆེན་མཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།  2013-10-10 11:10

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། 2013ལོར། ཐུན་ཏེ་རྫོང་གི་དབུལ་སྐྱོར་གསར་སྤེལ་བྱ་བའི་ཁྲོད་དུ། དབུལ་ཕོངས་སྡེ་བ་ཞེ་བདུན་གྱིས་རང་ཉིད་ཀྱི་ཁྱད་ཆོས་ཅན་གྱི་ཞིང་ཕྱུགས་ལས་ཐོན་རྫས་གསར་སྐྲུན་བྱས་ཏེ། དབུལ་ཕོངས་མང་ཚོགས་ཀྱི་ཡོང་སྒོ་ཇེ་མང་དུ་བཏང་།

ཐུན་ཏེ་རྫོང་གིས་དབུལ་སྐྱོར་གསར་སྤེལ་སྡེ་བ་ཧྲིལ་བོ་ནས་སྤེལ་བའི་ལས་གཞི་དང་ཁྱད་ཆོས་ཅན་གྱི་ཞིང་ཕྱུགས་ལས་འཕེལ་རྒྱས་སུ་གཏོང་བ་གཉིས་ཟུང་འབྲེལ་བྱས་ཏེ། ད་ལོར་དབུལ་ཕོངས་སྡེ་བ་ཞེ་བདུན་ནས་སྡེ་བ་ཧྲིལ་བོ་ནས་སྤེལ་བའི་ལས་གཞི་ལག་བསྟར་བྱས་པ་དང་། སྡེ་བ་གསུམ་ནས་ས་གཞན་པར་གནས་སྤོར་བའི་དབུལ་སྐྱོར་གསར་སྤེལ་ལས་གཞི་ལག་བསྟར་བྱས་ཤིང་། སྡེ་བ་བཞི་ནས་བོད་ཁུལ་ལ་རོགས་སྐྱོར་བྱེད་པའི་དབུལ་སྐྱོར་གསར་སྤེལ་ལས་གཞི་ལག་བསྟར་བྱས། ཞང་དང་གྲོང་བརྡལ་སོ་སོའི་རང་བྱུང་ཁོར་ཡུག་དང་ཐོན་ཁུངས་ཀྱི་ཆ་རྐྱེན་གཞིར་བཟུང་ནས། རྫོང་ཡོངས་ཀྱི་ཞང་དང་གྲོང་བརྡལ་ལྔ་དེ་ཁྱད་ཆོས་ཅན་གྱི་ཞིང་ཕྱུགས་ཐོན་རྫས་གསུམ་གྱི་འཕེལ་རྒྱས་ས་ཁུལ་དུ་ཆ་བགོས་བ་དང་། རྐ་འབའ་གྲོང་བརྡལ་དང་ཐང་མགོ་གྲོང་བརྡལ་གྱི་སྡེ་བ་སོ་གསུམ་དུ་རྩྭའི་ཐོན་ལས་ཀྱི་ལས་གཞི་སྤེལ་བར་མ་ཟད། ཞང་ལྔའི་སྲིད་འཛིན་སྡེ་བ་བཅུ་གཉིས་ནས་ཞིང་ལས་རྒྱུ་ཆའི་ཚོང་ར་བཙུགས། རྨ་བྱང་དང་ཞོལ་མ་ཞང་གཉིས་ནས་མཐོ་སྒང་གི་རིགས་རྒྱུད་ལེགས་པའི་ནོར་གནག་གི་ལས་གཞི་ལག་བསྟར་བྱས་པ་དང་། གསོ་ལུག་གི་རིགས་རྒྱུད་བཟང་བོ་ནང་འདྲེན་བྱས་ཏེ། རྐ་འབའ་སུམ་མདོ་དང་འབའ་ཀུ་ཞང་ནས་གསོ་ལུག་གསོ་སྤེལ་ལས་གཞི་སྤེལ་བ་དང་། མ་དངུལ་སྒོར་ས་ཡ་གསུམ་དང་འབུམ་ལྔ་ཁྲི་གཅིག་ལྷག་བཏང་ནས་། རྐ་འབའ་སུམ་མདོ་གྲོང་བརྡལ་ནས་ཞོ་ལས་སྣོན་གྱི་ལས་གཞི་ལག་བསྟར་བྱས་པར་མ་ཟད། འབྲི་མོ་ཉིས་བརྒྱ་ནང་འདྲེན་དང་ཞོ་ལས་སྣོན་གྱི་སྒྲིག་ཆས་བརྒྱ་དང་སུམ་ཅུ་ཉོས་ནས། རོང་འབྲོག་མང་ཚོགས་ལ་ཕན་ཁེ་བསྐྲུན། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག